བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོགས་པའི་མདུན་ངོ་རྒོལ་གནང་བ།


2016.04.29
མེག་སེ་ཁོར་བོད་རང་སྐྱོང་ལྗོངས་ཀྱི་གཟིགས་སྐོར་སྐུ་ཚབ་ཚོགས་པའི་མདུན་བོད་ཀྱི་རྒྱལ་དར་འཕྱར་ནས་ངོ་རྒོལ་སྐད་འབོད་གནང་སྐབས། མེག་སེ་ཁོར་བོད་རང་སྐྱོང་ལྗོངས་ཀྱི་གཟིགས་སྐོར་སྐུ་ཚབ་ཚོགས་པའི་མདུན་བོད་ཀྱི་རྒྱལ་དར་འཕྱར་ནས་ངོ་རྒོལ་སྐད་འབོད་གནང་སྐབས།
TibetMx

བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོགས་པ་ཞིག་ཨ་རི་དང་དབུས་ཨ་མི་རི་ཀའི་ནང་གཟིགས་སྐོར་ལ་ཕེབས་ནས། རྒྱ་ནག་གིས་བོད་ནང་གི་དྲིལ་བསྒྲགས་སྲིད་ཇུས་ཁག་ངོ་སྤྲོད་བྱེད་བཞིན་པར་ངོ་རྒོལ་བྱས་འདུག།
དེ་ཡང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ཞེས་བའི་འཐུས་མི་ལྷ་ས་གྲོང་ཁྱེར་གུང་ཁྲན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཆེ་དགྲ་ལྷས་སྣེ་ཁྲིད་པའི་བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོགས་པ་ཞིག། ཉེ་ཆར་ཨ་རི་དང་དབུས་ཨ་མི་རི་ཀའི་མེག་སེ་ཁོའོ་ཡུལ་གྲུའི་ནང་ད་ལྟའི་བོད་ཀྱི་གནས་སྟངས་སྐོར་རྒྱ་ནག་གཞུང་ཕྱོགས་ཀྱི་དྲིལ་བསྒྲགས་ཆེད་ཕེབས་ཡོད་པ་དང་། འདི་ཚེས་༢༦ཉིན་ཁོང་ཚོས་མེག་སེ་ཁོའི་མཐོ་སློབ་ཞིག་ཏུ་བོད་ནང་གི་ད་ལྟའི་གནས་སྟངས་སྐོར་དྲིལ་བསྒྲགས་གཏམ་བཤད་སྤེལ་བའི་སྐབས། མཐོ་སློབ་ཀྱི་སློབ་ཕྲུག་ཚོས་བོད་ནང་གི་ད་ལྟའི་དངོས་ཡོད་གནས་སྟངས་དང་། ལྷག་པར་དུ་བོད་མི་མང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་རྒྱ་ནག་གཞུང་གིས་སྲུང་བརྩི་ཞུ་ཡི་མེད་པའི་སྐོར་སོགས་དྲི་བ་མང་པོ་ཞིག་བཏང་བ་མ་ཟད། སློབ་ཕྲུག་ཁག་ཅིག་གིས་བོད་ཀྱི་རྒྱལ་དར་འཕྱར་ནས་བོད་ལ་རང་དབང་སྤྲོད་དགོས་པའི་སྐད་འབོད་བྱས་ཡོད་པ་དང་། དེ་ལ་བརྟེན་ནས་བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོའི་དྲིལ་བསྒྲགས་ཀྱི་ཚོགས་འཛོམས་དེ་བཞིན་གློ་བུར་མཇུག་སྒྲིལ་དགོས་བྱུང་ཡོད་པ་རེད།
འོན་ཀྱང་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་ནང་། བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཨ་རིའི་ནང་ཕེབས་པའི་སྐབས། ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་འཐུས་མིའི་དབུ་ཁྲིད་ལྕམ་Nancy Pelosiམཆོག་དང་མཇལ་མོལ་གནང་ཡོད་ཅིང་། བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ནས་མ་འོངས་ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་སྲ་བརྟན་ཡོང་རྒྱུ་དང་། ཕན་ཚུན་དབར་མཉམ་ལས་བྱ་རྒྱུ་གོང་མཐོར་གཏོང་རྒྱུ་མ་ཟད་རྒྱལ་སྤྱིའི་གནད་དོན་
ཐོག་ཡུལ་གྲུ་གཉིས་དབར་མཉམ་ལས་ཡོང་རྒྱུར་འབད་རྩོན་བྱ་རྒྱུ་ཡིན་ལུགས། ལྕམ་Nancy Pelosiམཆོག་ནས་ཁ་སྔོན་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་པའི་སྐོར་དྲན་་གསོ་གནང་བ་དང་འབྲེལ་བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཨ་རིའི་གྲོས་ཚོགས་སུ་ཕེབས་པར་དགའ་བསུ་ཞུས་པའི་སྐོར་སོགས་འཁོད་འདུག།

གསར་འགོད་པ་འཆི་མེད།
ངོ་རྒོལ་སྐབས་ཀྱི་བརྙན་གཤམ་གྱི་དྲ་ཐག་ནས་གཟིགས་ཐུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎