ཁྲིམས་གཞི་བསྐྱར་བཅོས་གང་མྱུར་ལག་བསྟར་གནང་རྒྱུ།

རྒྱ་གར་ནང་བུད་མེད་ལ་བཙན་གཡེམ་བྱས་པའི་གནད་དོན་ཐད་ཁྲིམས་གཅོད་ནན་མོ་བྱ་རྒྱུའི་ཁྲིམས་གཞིར་བསྐྱར་བཅོས་གང་མྱུར་ལག་བསྟར་གནང་རྒྱུ་ཡིན་པ་རེད་འདུག

2013.01.30

དེ་ཡང་རྒྱ་གར་གྱི་སྤྱི་ཁྱབ་ཁྲིམས་ཞིབ་པ་ཆེན་མོ་ཟུར་པ་Verma ལ་སྲིད་བློན་མཆོག་གིས་ཕྱག་བྲིས་ཤིག་གནང་བའི་ནང་། ཁོང་དང་ཁོང་གི་ཕྱགས་རོགས་ཁྲིམས་ཞིབ་པ་ཟུར་པ་Leila Seth དང་། ཞུ་གཏུག་སྤྱི་ཁྱབ་ཟུར་པ་Gopal Subramanian བཅས་ནས་ཉིན་གྲངས་༣༠དུས་ཡུན་ཐུང་ཐུང་ཞིག་ནང་བུད་མེད་ལ་བཙན་གཡེམ་བྱེད་མཁན་ཚོའི་ཐོག་གི་ཁྲིམས་གཞིར་བསྐྱར་བཅོས་ཀྱི་སྙན་ཐོ་འདོན་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུ་ཞོར། སྲིད་བློན་མཆོག་གིས་ཁྲིམས་གཞིར་བསྐྱར་བཅོས་ཀྱི་དགོངས་འཆར་ཁག་ལག་ལེན་དུ་འཁེལ་བ་གནང་རྒྱུའི་ཞལ་བཞེས་གནང་འདུག

ལོ་སྔོན་མའི་ཕྱི་ཟླ་༡༢པའི་ཚེས་༡༦ཉིན་རྒྱལ་ས་ལྡི་ལིར་སྤྱི་སྤྱོད་འགྲུལ་འཁོར་ཞིག་ནང་ལོ་༢༣ལ་སླེབས་པའི་སློབ་ཕྲུག་བུད་མེད་ཅིག་ལ་མི་དྲུག་གིས་བཙན་གཡེམ་དྲག་པོ་བྱས་པའི་མཐར་Singapore སྨན་བཅོས་བྱས་ཀྱང་ལམ་ལྷོང་མ་བྱུང་བར་འདས་གྲོངས་ཕྱིན་པའི་གནས་ཚུལ་ཐད་རྒྱ་གར་རྒྱལ་ཡོངས་སུ་མང་ཚོགས་ཀྱི་ངོ་རྒོལ་ཤུགས་ཆེ་བྱུང་བའི་རྗེས། དབུས་གཞུང་གིས་Verma ཚོགས་ཆུང་གསར་འཛུགས་གནང་ཡོད་པ་རེད། ཚོགས་ཆུང་དེས་རྒྱ་གར་གྱི་བཙན་གཡེམ་ཁྲིམས་གཞིར་ཞིབ་འཇུག་གནང་ནས་ཉིན་གྲངས་༣༠ནང་ཁྲིམས་གཞིར་བསྐྱར་བཅོས་ཀྱི་བསམ་འཆར་འཁོད་པའི་སྙན་ཐོ་ཤོག་གྲངས་༦༣༠བྱས་པ་ཞིག་ཉེ་དུས་ཕྱི་ཚེས་༢༣ཉིན་གཞུང་ལ་ཕུལ་གནང་ཡོད་པ་རེད།

བུད་མེད་ལ་བཙན་གཡེམ་དང་དེས་རྐྱེན་པས་སྲོག་སྐྱོན་བཏང་བའི་ཉེས་ཅན་ལ་ལོ་༢༠བར་བཙོན་འཇུག་གི་ཉེས་ཆད་གཏོང་རྒྱུ་དང༌། ཡང་བུད་མེད་གཅིག་ལ་མི་མང་པོས་སྡེབ་གཅིག་ལ་བཙན་གཡེམ་བཏང་བ་ཡིན་ན་ཚེ་བཙོན་གྱི་ཉེས་ཆད་གཏོང་རྒྱུའི་དགོངས་འཆར་བཏོན་གནང་ཡོད་ནའང༌ཉེས་དོན་ཉེས་གསོག་པར་ཉེས་པ་སྲོག་ཐོག་གཏོང་རྒྱུའི་བསྐྱར་བཅོས་གནང་མེད་པ་རེད།

Verma ཚོགས་ཆུང་གིས་བུད་མེད་ཀྱི་ལུས་ནས་གོས་ཕུད་པ་དང༌། བུད་མེད་ཀྱི་མཚན་མའམ་འཁྲིག་སྤྱོད་ལ་མིག་གིས་བལྟས་ནས་ཚིམ་པར་བྱེད་པ། བུད་མེད་ཚོང་བསྒྱུར་བྱས་བ་སོགས་ཀྱང་བུད་མེད་ལ་བཙན་གཡེམ་བྱས་པའི་ནག་ཉེས་ནང་རྩིས་ནས་ནག་ཉེས་ཚབས་ཆེ་ཆུང་ལ་གཞིགས་པས་ཉེས་ཆད་ཀྱི་ཁྲིམས་གཞི་རིམ་པ་མང་པོ་བཟོས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎