རྒྱ་དམངས་གཙོ་དོན་གཉེར་བ་སུམ་ཅུའི་དྲན་གསོར་མཉམ་ཞུཌ།
2009.03.08
༄༅༎རྒྱ་རིགས་དམངས་གཙོ་དོན་གཉེར་བ་གསུམ་བཅུ་ཙམ་འདི་ལོ་བོད་མིའི་རང་དབང་སྒེར་ལངས་བྱས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་མཛད་སྒོར་མཉམ་ཞུགས་བྱ་རྒྱུ་ཡིན་འདུག
རེས་གཟའ་ཉི་མའི་ཉིན་རྡ་རམ་ས་ལ་ནས་ཨེ་ཨེཕ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་རྒྱ་རིགས་དམངས་གཙོ་དོན་གཉེར་བའི་སྒྲིག་འཛུགས་ཀྱི་ཚོགས་མི་སུམ་བཅུ་ལྷག་འདི་ལོ་སུམ་ཅུའི་དུས་དྲན་སྲུང་བརྩིའི་ལས་དོན་ནང་མཉམ་ཞུགས་བྱ་རྒྱུ་ཡིན་ལུགས་བཙན་བྱོལ་བོད་གཞུང་ཕྱི་སྲིད་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་འགྲེལ་བརྗོད་གནང་འདུག ཕྱིར་སྡོད་རྒྱ་རིགས་ཚོའི་རྒྱ་ནག་དབུས་གཞུང་ལ་ཆབ་སྲིད་ཐད་ཕྱོགས་འགལ་ཚོགས་པ་ལྟ་བུའི་ལས་འགུལ་སྤེལ་མཁན་སྒྲིག་འཛུགས་དེའི་ཚོགས་མི་དེ་དག་ཉི་ཧོང་དང་ནིའུ་ཛི་ལེནདྲ།ཨ་རི་བཅས་ནས་ཕེབས་ཀྱི་ཡོད་འདུག བཙན་བྱོལ་བོད་གཞུང་གི་མགྲིན་ཚབ་པ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོས་བོད་མིའི་ཞི་བའི་འཐབ་རྩོད་ལ་གདུང་སེམས་མཉམ་བསྐྱེད་གནང་གི་ཡོད་པ་དེར་དགའ་བསུ་ཞུ་ཡི་ཡོད་ཅེས་གསུངས་གནང་འདུག ཡང་ཁོང་གིས་༸གོང་ས་མཆོག་གིས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ལྗོངས་ཀྱི་གནས་བབ་འཐབ་རྩོད་གནང་གི་ཡོད་པ་ལུང་འདྲེན་གྱིས་རྒྱ་ནག་གཞུང་གིས་ང་ཚོས་རང་བཙན་རྩོད་ཀྱི་མེད་པ་དང་རྒྱ་ནག་གི་མི་མང་ལ་སྡང་ཟུག་བྱེད་ཀྱི་མེད་པ་དེ་ངེས་པར་དུ་ཤེས་དགོས་ཀྱི་རེད་ཅེས་གསུངས་གནང་འདུག།