གཡང་མོ་སྐྱིད་ཀྱི་ཁྱུང་ཉིན་སྒེར་གཉེར་སློབ་གྲྭ་སྒོ་རྒྱག་དགོས།


2015.01.27
རྒན་གཡང་མོ་སྐྱིད་དང་ཁོང་མོར་བཏང་བའི་བརྡ་ཁྱབ། ༢༠༡༥ རྒན་གཡང་མོ་སྐྱིད་དང་ཁོང་མོར་བཏང་བའི་བརྡ་ཁྱབ། ༢༠༡༥
བོད་འབྱོར།

རྒྱ་ནག་གཞུང་གིས་རྒན་གཡང་མོ་སྐྱིད་ལགས་གྱི་ཁྱུང་ཉིན་སྒེར་གཉེར་སློབ་གྲྭ་དེ་སྒོ་རྒྱག་དགོས་པའི་བཙན་བཀའ་བཏང་ཡོད་པ་རེད།
འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཞོན་ཧཱ་ཡ་རྫི་རྫོང་གི་ཤེས་རིག་སློབ་གསོ་ལས་ཁུངས་ཀྱིས་ཕྱི་ཟླ་༡ པོའི་ཚེས་༡༤ ཉིན་རྒན་གཡང་མོ་སྐྱིད་ལགས་ཀྱི་མཚན་ཐོག་ཏུ་བརྡ་ཐོ་ཞིག་བཏང་སྟེ། ཁོ་མོའི་སྒེར་གཉེར་སློབ་གྲྭ་དེ་སྲིད་གཞུང་དང་སློབ་གསོ་ལས་ཁུངས་ཀྱིས་ཆོག་མཆན་མེད་པའི་ཁྲིམས་འགལ་གྱི་སློབ་གྲྭ་གཉེར་བར་ངོས་འཛིན་གྱིས་བརྡ་ཐོ་དེ་འབྱོར་བའི་ཉིན་ནས་སློབ་གྲྭ་དེ་སྒོ་རྒྱག་དགོས་པ་དང་། སློབ་ཕྲུག་རྣམས་ཐག་ཉེའི་རྒྱ་གཞུང་གི་སློབ་ཆུང་ཁག་དུ་རྩིས་སྤྲོད་བྱ་དགོས་པའི་སྐོར་བཙན་བཀའ་བཏང་ཡོད་པ་དང། སློབ་ཕྲུག་གི་ཁྱིམ་བདག་ཚོར་ཡང་བརྡ་བཏང་ནས་ལོ་གསར་གྱི་རྗེས་སུ་ཕྲུ་གུ་རྣམས་རྒྱ་གཞུང་གི་སློབ་གྲྭར་བསྐྱལ་དགོས་པ་དང་། དེ་ལྟར་མ་བསྐྱལ་ཚེ་ཁྲིམས་ཀྱི་ཐག་གཅོད་མཇུག་འབྲས་རང་རང་སོ་སོས་འགན་འཁུར་དགོས་པའི་སྐོར་བཀོད་ཡོད་པ་རེད།
གནས་ཚུལ་ལྟར་ན། རྒན་གཡང་མོ་སྐྱིད་ལགས་ཀྱིས་ཁོང་གི་ཁེ་གཉེར་ཚོང་ཁང་གི་ཡོང་འབབ་ལ་བརྟེན་ནས་གཞུང་གི་སློབ་གྲ་མེད་པའི་བསེ་ཆང་ཁྱུང་ཉིན་སྡེ་བར་གྲ་སྒྲིག་འཛིན་གྲྭ་དང།
གཞི་རིམ་འོག་མའི་འཛིན་གྲྭ་གཉིས་ལ་སློབ་མ་ཉི་ཤུ་རྩ་བཞི་ཡོད་པ་དེ་དག་ལ་བོད་ཡིག་དང།་རྒྱ་ཡིག རྩིས་རིག་སློབ་ཁྲིད་གནང་བཞིན་ཡོད་པ་དང།
བོད་ནས་གནས་ཚུལ་མཁོ་སྤྲོད་པས། ༢༠༠༨ ལོར། ཁྱུང་ཉིན་གྲོང་སྡེའི་སྔོན་ཆད་ཀྱི་སློབ་ཆུང་དེ་ནི་སློབ་གསོའི་བཅའ་བཀོད་ལེགས་སྒྲིག་བྱེད་སྐབས་མེད་པར་བཟོས་བ་དང་། སློབ་གྲྭ་དེ་སྒོ་རྒྱབ་ཚེ་སློབ་ཕྲུག་དེ་དག་ཐག་རིང་ལ་ཡོད་པའི་གཞུང་གི་སློབ་གྲྭ་བསྐྱོད་དགོས་པ་དང། དེ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ལུང་ཁུང་གི་བུ་ཕྲུག་ཚོར་ཤེས་ཡོན་སློབ་གསོ་སྤྲོད་མ་ཐུབ་པའི་སྐྱོན་ཆ་ཡིན་པས་ཁོང་ཚོ་ཐག་རིང་འགྲོ་དགོས་པ་དེ་ཡིས་གནམ་གཤིས་དང་ཆ་རྐྱེན་སོགས་ཀྱི་དཀའ་ངལ་འཕྲད་རྒྱུ་ཡིན་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།
ཡང་དེ་སྔ་མཚོ་སྔོན་བོད་ཡིག་ཚགས་པར་ཐོག་ལ། ༢༠༠༨ ལོར། ཁྱུང་ཉིན་གྲོང་སྡེའི་སྔོན་ཆད་ཀྱི་སློབ་ཆུང་དེ་ནི་སློབ་གསོའི་བཅའ་བཀོད་ལེགས་སྒྲིག་བྱེད་སྐབས་མེད་པར་བཟོས་པའི་རྗེས། ༢༠༡༢ ལོར། ཁྱུང་ཉིན་གྲོང་སྡེའི་ལས་བྱེད་དང་སྡེ་བའི་ནང་གི་རྒན་པ་ཁ་ཤས་ཀྱིས་ཁ་པར་བཏང་ནས། ལོ་བཅུ་ལྷག་རིང་དུ་བོད་ཡིག་ཚབ་ཁྲིད་དགེ་རྒན་གྱི་ལས་ཀ་སྒྲུབ་མྱོང་བའི་གཡང་མོ་སྐྱིད་གདན་འདྲེན་ཞུས་པ་དང་། ཁོ་མོ་ནི་གྲོང་སྡེ་དེའི་བྱིས་པ་ཚོའི་སློབ་གཙོར་གྱུར་བ་རེད། དེ་ནས་གཡང་མོ་སྐྱིད་ཀྱིས་རང་ཉིད་ལ་ཚོང་ཁང་ཆུང་ཆུང་ཞིག་ཡོད་པ་དེ་ལ་བརྟེན་ནས། ལོ་རེར་ཡོང་འབབ་སྒོར་ཁྲི༣ནས༤བར་ཡོད་པ་ཡིས་སློབ་སྒྲུབ་ས་ཚིགས་དེར་འགྲོ་སོང་བཏང་བ་དང་། ཚབ་ཁྲིད་དགེ་རྒན་གསུམ་ཡོད་པར་གླ་ཕོགས་བྱིན་པ་རེད། ཁོ་མོ་ནི་༡༩༩༦ནས་ད་ལྟ་བར་ལོ་ངོ་༡༩རིང་སློབ་གསོའི་བྱ་བར་ཞུགས་པའི་ཁྲོད་དུ་ཁོང་གིས། སློབ་མ་རྣམས་ལ་རང་གི་བུ་ཕྲུག་ལྟར་གཅེས་སྐྱོང་དང། གཅེས་སེམས་ལྡན་པའི་སྒོ་ནས་ཤེས་བྱ་སློབ་ཁྲིད་གནང་བའི་ཁར། དམིགས་བསལ་དཀའ་ངལ་ཆེ་བའི་སློབ་མ་དང། དྭ་ཕྲུག་རྣམས་ཀྱི་ཤེས་ཡོན་སློབ་སྦྱོང་ཐད་ལྷག་བསམ་རྣམ་དག་བྱེད་མཁན་ཞིག་ཡིན་པ་རེད་ཅེས་བ་སོགས་འཁོད་འདུག

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎