འབར་མའི་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་རེ་སྐུལ།

བཙོན་པ་གློད་བཀྲོལ་ཡོངས་ཐབས་སུ་ཨ་རི་གཞུང་ནས་འབར་མའི་དྲག་པོའི་སྲིད་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་ཞུ་གཏུགས་ཀྱི་ལས་འགུལ།

2009.06.04

༄༅༎འབར་མའི་རྒྱལ་ས་ནེ་པི་ཌོ་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ལས་ཁང་མདུན་དུ་འབར་མའི་བེུད་གཉིས་དང་ཕྲུ་གུ་བཞི་ཡིས་བཙོན་པ་གློད་བཀྲོལ་ཡོངས་ཐབས་སུ་ཨ་རི་གཞུང་ནས་འབར་མའི་དྲག་པོའི་སྲིད་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བར་འབར་མའི་ཉེན་རྟོག་མི་སྣས་ཁོང་རྣམས་དོ་དམ་འོག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

གོང་གསལ་བེུད་གཉིས་ནས་བེུད་གཅིག་གི་བཟའ་ཟླ་དེ་ཉེ་སྔོན་འབར་མའི་དྲག་པོའི་སྲིད་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་འདུག་པ་དང་ཁ་ས་བེུད་གཉིས་པོ་དེ་དང་དེ་བཞིན་ཕྲུ་གུ་བཞི་བཅས་ནས་ཨ་རིའི་གཞུང་ཚབ་ལས་ཁང་མདུན་དུ་འབར་མའི་དྲག་པོའི་སྲིད་གཞུང་གིས་ཁོང་གི་བཟའ་ཟླ་ཁྲིམས་འགལ་གྱི་འཛིན་བཟུང་བྱས་ཡོད་པ་དང་ཁོང་གློད་བཀྲོལ་ཡོང་ཆེད་དུ་ཨ་རི་གཞུང་གི་རོགས་སྐྱོབ་གནང་རོགས་ཞེས་པའི་འཕྲེད་དར་འཕྱར་ཡོད་པ་རེད། འབར་མའི་ཉེན་རྟོག་ལས་བྱེད་པ་ཞིག་གིས་བེུད་གཉིས་དང་ཕྲུ་གུ་བཞི་པོ་དེས་ཨ་རིའི་གཞུང་ཚབ་ལས་ཁང་མདུན་དུ་ངོ་རྒོལ་བྱས་པའི་རྐྱེན་ཁོངས་རྣམས་དོ་དམ་འཛིན་བཟུང་བྱས་ཡོད་ཅིང་ད་ལྟ་དོ་དམ་བཀག་ཉར་ཁང་ནང་ཁོང་རྣམས་ལ་འདྲི་རྩད་བྱེད་མུས་ཡིན་སྐོར་ལས་གཞན་ཞིབ་ཕྲའི་འགྲེལ་བརྗོད་གང་ཡང་བྱས་མེད་པ་རེད། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་གྲངས་ཐོར་གཞིགས་ན་འབར་མའི་དྲག་པོའི་སྲིད་གཞུང་གི་དམ་བསྒྲགས་འོག་འབར་མའི་ཆབ་སྲིད་བཙོན་པ་༢༡༠༠ལྷག་ད་ལྟ་བཙོན་ཁང་ནང་ལུས་མུས་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎