ཨ་རིའི་སྲིད་འཛིན་གྱིས་ལོ་འཁོར་རྒྱལ་དོན་གསུང་བཤད།

ཨ་རིའི་ནང་ལས་ཀའི་གོ་སྐབས་གསར་དུ་བསྐྲུན་རྒྱུ་དེ་འདི་ལོའི་ནང་སྲིད་འཛིན་མཆོག་གི་ལས་དོན་གལ་གནད་ཆེ་ཤོས་ཡིན་སྐོར་གསུང་བཤད།

2010.01.28

༄༅༎ཨ་རིའི་སྲིད་འཛིན་མཆོག་གིས་ཨ་རིའི་ནང་ལས་ཀའི་གོ་སྐབས་གསར་དུ་བསྐྲུན་རྒྱུ་དེ་༢༠༡༠ལོའི་ནང་སྲིད་འཛིན་མཆོག་གི་ལས་དོན་གལ་གནད་ཆེ་ཤོས་ཡིན་པའི་སྐོར་རྒྱལ་ཡོངས་གསུང་བཤད་ཐོག་གསལ་འདོན་གནང་ཡོད་པ་རེད་༎

ཁ་ས་ཚེས་༢༧རེས་གཟའ་ལྷག་པའི་དགོང་དྲོ་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་ཁང་ནང་  གྲོས་ཚོགས་གོང་འོག་གཉིས་ཀའི་འཐུས་མི་ཚང་འཛོམས་ཐོག་རྒྱལ་ཁབ་ཀྱི་གནས་བབ་དང་མ་འོངས་ལས་འཆར་སྐོར་ལོ་འཁོར་གྱི་རྒྱལ་ཡོངས་གསུང་བཤད་ཐེངས་དང་པོ་དེ་གནང་ཡོད་པ་རེད་ དུས་ཡུན་ཆུ་ཚོད་༡དང་སྐར་ཆ་བཅུ་ཙམ་རིང་གི་གསུང་བཤད་ནང་སྲིད་འཛིན་མཆོག་ནས་ རྒྱལ་ཁབ་ཀྱི་ད་ལྟའི་དཔལ་འབྱོར་ཉམ་ཉེས་ཀྱི་གནས་སྟངས་དང་འབྲེལ་གཞི་རྩའི་ཨ་མི་ར་ཀ་རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་བཟོ་ཕྱིར་དཔལ་འབྱོར་བཅོས་བསྒྱུར་གྱི་ལས་འཆར་ཁག་དང་ ཕྱི་འབྲེལ་དང་རྒྱལ་ནང་སྲུང་སྐྱོབ་ དེ་བཞིན་སྤྱི་ཚོགས་བདེ་དོན་ལ་དམིགས་པའི་ལས་འཆར་ཁག་ངོ་སྤྲོད་གསལ་འདོན་གནང་ཡོད་པ་རེད་ སྲིད་འཛིན་མཆོག་གིས་གསུངས་ན་ རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་གནས་སྟངས་ད་ལྟ་ཡང་མུ་མཐུད་ཉམ་ཉེས་སུ་གནས་པ་དང་རྒྱལ་ཡོངས་ཐོག་ལས་མེད་མི་མང་དེ་བརྒྱ་ཆ་༡༠ཙམ་བར་གནས་མུས་ཡིན་པར་སོང་ ༢༠༡༠ལོ་འདིའི་ནང་རྒྱལ་ཡོངས་ཐོག་ལས་ཀའི་གོ་སྐབས་གསར་དུ་བསྐྲུན་རྒྱུ་དེ་ལས་དོན་ཚང་མའི་ནང་ནས་གལ་གནད་ཆེ་ཤོས་སུ་ངོས་འཛིན་ཞུ་གི་ཡོད་པ་དང་གྲོས་ཚོགས་གོང་འོག་ཐོག་ནས་ལས་ཀའི་གོ་སྐབས་གསར་པ་བསྐྲུན་ཕྱོགས་ཐད་ ཁྲིམས་ཡིག་གྲོས་གཞི་གྲོས་འཆར་གང་མགྱོགས་གྲ་སྒྲིག་གནང་དགོས་པའི་ནན་བརྗོད་གནང་ཡོད་པ་རེད་ དཔལ་འབྱོར་བསྐྱར་གསོ་དང་ལས་ཀའི་གོ་སྐབས་བསྐྲུན་ཕྱོགས་ཐད་ སྲིད་འཛིན་མཆོག་གིས་མ་རྐང་ཁྲོམ་རའི་འགྲོ་སྟངས་འགྲོ་ལུགས་ལ་བཏང་འཛིན་གྱི་སྒྲིག་གཞི་བཅོས་བསྒྱུར་གཏོང་རྒྱུ་ འབྲིང་རིམ་མི་མང་གི་བདེ་སྡུག་ལ་དམིགས་ཏེ་ལས་ཀའི་གོ་སྐབས་བསྐྲུན་ཆེད་ཚོང་ལས་ཆུང་ཙག་གཉེར་མཁན་ཚོར་དམིགས་བསལ་གྱི་དཔྱ་ཁྲལ་ཆགས་ཡང་གཏོང་རྒྱུ་དང་ ཕྱོགས་མཚུངས་ཚོང་ལས་གསར་པ་བསྐྲུན་ཆེད་དབུས་གཞུང་ནས་བུན་ལོན་སྔ་གཡར་ཆེད་ཨ་སྒོར་ཐེར་འབུམ་༣༠ཙམ་གྱི་མ་དངུལ་ཟུར་བཅད་བྱ་རྒྱུ་སོགས་རྒྱལ་ཁབ་ཀྱི་དཔལ་འབྱོར་བསྐྱར་གསོའི་ཆེད་དམིགས་པའི་ལས་འཆར་དུ་མ་གསལ་བསྒྲགས་གནང་ཡོད་པ་རེད་  སྲིད་འཛིན་མཆོག་གི་ལོ་སྔོན་མའི་མཛད་ཇུས་ནང་ཨ་རི་རྒྱལ་ཡོངས་ཐོག་འཕྲོད་བསྟེན་འགན་སྲུང་གི་ཐོབ་ཐང་དང་འབྲེལ་བའི་ཁྲིམས་ཡིག་ལ་བསྐྱར་བཅོས་ཀྱི་ལས་དོན་གཙོ་བོར་བཞེས་ཡོད་པ་རེད་ ད་རེས་རྒྱལ་ཡོངས་གསུང་བཤད་ཐོག་ལས་ཀའི་གོ་སྐབས་བསྐྲུན་པ་དང་དཔལ་འབྱོར་བསྐྱར་གསོའི་ལས་འཆར་གཙོ་བོར་བཟུང་པ་དང་ཆབས་ཅིག་ འཕྲོད་བསྟན་གྱི་ཐོབ་ཐང་རྒྱ་ཁྱབ་གཏོང་རྒྱུའི་ཆེད་ཁྲིམས་ཡིག་ལ་བཅོས་བསྒྱུར་གྱི་ལས་དོན་དེར་མུ་མཐུད་ཤུགས་སྣོན་རྒྱབ་རྒྱུ་ཡིན་པའི་སྐོར་ནན་བརྗོད་གནང་ཡོད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎