རྒྱ་ནག་གིས་ཟ་ཆས་ཀྱི་བདེ་འཇགས་ལས་དོན་ཡར་རྒྱས་གཏོང་རྒྱུ།

རྒྱ་ནག་གི་སྲིད་བློན་ནས་རྒྱ་ནག་གིས་མ་འོངས་ཟ་ཆས་ཀྱི་བདེ་འཇགས་ལས་དོན་ཡར་རྒྱས་གཏང་རྒྱུའི་གོམ་སྟབས་སྤོ་རྒྱུ་ཡིན་པ་གསུངས་འདུག

2008.10.25

༄༅༎རྒྱ་ནག་གི་སྲིད་བློན་ལྦེན་ཅའ་བའོ་ཡིས་གཟའ་སྤེན་པའི་ཉིན་རྒྱ་ནག་ནང་འོ་རྩམ་ནང་ལ་དུག་རྫས་རིགས་བསྲེས་ལྷད་ནས་ཚོང་འགྲེམས་བྱས་ཏེ་ཕྲུ་གུ་ཁྲི་ཕྲག་མང་པོར་ནད་གཞི་ཕོག་པའི་དོན་རྐྱེན་ཐོག་ནས་ཉམས་མྱོང་ལེན་ཏེ་རྒྱ་ནག་གིས་མ་འོངས་ཟ་ཆས་ཀྱི་བདེ་འཇགས་ལས་དོན་ཡར་རྒྱས་གཏང་རྒྱུའི་གོམ་སྟབས་སྤོ་རྒྱུ་ཡིན་པ་གསུངས་ཡོད་པ་རེད།

ཨེ་ཤེ་ཡ་དང་ཡོ་རོབ་ཡུལ་གྲུའི་ཆེ་མཐོའི་དཔོན་རིགས་ལྷན་ཚོགས་ཐོག་རྒྱ་ནག་གི་སྲིད་བློན་ལྦེན་ཅའ་བའོ་ཡིས་གསུང་བཤད་གནང་བའི་སྐབས་རྒྱ་ནག་ནང་འོ་མའི་རིགས་ཀྱི་ཟ་ཆས་ནང་དུག་རྫས་བསྲེས་ཡོད་པའི་གནད་དོན་དེའི་ཐོག་བསྐྱོན་བརྗོད་ཕོག་ཡས་ཀྱི་ཐོག་ནས་རྒྱ་ནག་གི་ཟ་ཆས་ཀྱི་སྤུས་ཚད་འདེངས་ཀྱི་མེད་པ་དེ་མཚོན་ཐུབ་ཀྱི་ཡོད་པ་དང་མ་འོངས་རྒྱ་ནག་གཞུང་གིས་ཟ་ཆས་ཀྱི་སྤུས་ཚད་ཡག་ཏུ་གཏང་རྒྱུར་འབད་བརྩོན་བྱས་ཏེ་ཕྱིར་འདྲེན་བྱ་རྒྱུའི་ཟ་ཆས་རིགས་ཀྱི་སྤུས་ཚད་རྒྱལ་སྤྱིའི་ཚད་དང་ལྡན་པ་ཞིག་ཡོང་ཐབས་བྱ་རྒྱུ་ཡིན་པ་གསུངས་འདུག རྒྱ་ནག་གཞུང་འབྲེལ་མི་མང་ཉིན་རེའི་གསར་ཤོག་ཐོག་གནས་ཚུལ་འཁོད་པར་གཞིགས་ན་རྒྱ་ནག་གཞུང་གིས་ཟ་ཆས་ཀྱི་སྤུས་ཚད་ཚད་གཞི་ཁྲིམས་ཐོག་ནས་གཏན་འབེབས་གསར་པ་ལག་བསྟར་བྱ་རྒྱུ་ཡིན་པ་མ་ཟད་མིའི་གཟུགས་གཞིར་གནོད་པའི་རྫས་འགྱུར་རིགས་ཀྱི་དངོས་པོ་ཟ་ཆས་ནང་བསྲེས་རྒྱུར་དམ་བསྒྲགས་བྱ་རྒྱུ་ཡིན་ལུགས་དང་ཁྲིམས་ལུགས་གསར་པ་དེ་བཞིན་རིང་མིན་ཚོགས་འཆར་ཡོད་པའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ཐོག་གྲོས་མོལ་བྱས་ནས་དངོས་སུ་ཁྲིམས་ཐོག་ནས་ལག་བསྟར་བྱ་རྒྱུ་ཡིན་པ་འཁོད་འདུག རྒྱ་ནག་ནང་འོ་རྩམ་ནང་དུག་རྫས་རིགས་ལྷད་ནས་ཚོང་འགྱུར་བྱས་ཏེ་ཕྲུ་གུ་ཁྲི་ཕྲག་མང་པོར་མཁལ་མའི་ནད་གཞི་ཕོག་ཡོད་པ་དང་ད་དུང་ཡང་ཕྲུ་གུ་སུམ་སྟོང་དྲུག་བརྒྱ་ལྷག་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎