༧གོང་ས་མཆོག་ལ་བོད་གཞུང་མང་ནས་བརྟན་བཞུགས།
2012.09.28
༄༅། །འདི་རི་ཕྱི་ཟླ་༩ཚེས་༢༨ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་བ་གསུམ་ལ་ཚུལ་བསྟན་བར་ཆད་ཀྱི་རིགས་མི་ཡོང་བར་སྐུ་ཁམས་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་ཅིང། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་ཆེད་བོད་གཞུང་མང་ལྷ་མི་ཡོངས་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད་པ་རེད།
རྡོ་རྗེ་སློབ་དཔོན་འཁོན་རིགས་བསྟན་པའི་སྲོག་ཤིང་དཔལ་༧ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་གནང་ཡོད་པ་དང༌། སྐབས་དེར་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དང་། སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག དགའ་ལྡན་ཁྲི་རིན་པོ་ཆེ་མཆོག ། རྒྱལ་དབང་འབྲུག་པ་རིན་པོ་ཆེ་མཆོག་གི་སྐུ་ཚབ་གསང་སྔགས་ཆོས་གླིང་གི་མཁན་པོ་འཇིགས་མེད་རྡོ་རྗེ་མཆོག་དང༌། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས་དམིགས་བསལ་ཚོགས་ཆེན་དུ་ཕེབས་པའི་ཚོགས་བཅར་བ་དང༌། སེར་སྐྱ་མི་མང་། དེ་བཞིན་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༦༠༠༠ བརྒལ་བ་མཉམ་ཞུགས་གནང་འདུག།