ཡེ་ཤུའི་བླ་ཆེན་གྱིས་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་གནང་བ།


2016.02.03
ཡེ་ཤུའི་བླ་ཆེན་Pope Francisམཆོག་Manilaནང་ཕེབས་སྐབས། ༢༠༡༥།༡།༡༥ ཡེ་ཤུའི་བླ་ཆེན་Pope Francisམཆོག་Manilaནང་ཕེབས་སྐབས། ༢༠༡༥།༡།༡༥
AFP

ཡེ་ཤུའི་བླ་ཆེན་གྱིས་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་དང་འབྲེལ་བའི་བཀའ་མོལ་ལ་རྒྱ་ནག་གི་ཕྱོགས་ནས་དོ་སྣང་བྱུང་བ།
དེ་ཡང་ཡེ་ཤུའི་བླ་ཆེན་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་Xi Jinpingལ་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་གནང་བ་དང་ཆབས་ཅིག་བླ་ཆེན་མཆོག་གི་གདན་ས་Vaticanཕྱོགས་ནས་རྒྱ་ནག་དང་འབྲེལ་བ་བཟང་དུ་གཏོང་རྒྱུའི་ཐུགས་རེ་ཡོད་པའི་སྐོར་གསུངས་ཡོད་པ་དང་། དེ་འབྲེལ་བཀའ་མོལ་རྣམས་རྒྱ་ནག་གི་ཕྱོགས་ནས་དོ་སྣང་བྱུང་ཚུལ་བཤད་ཡོད་པ་རེད།
སྤྱི་ལོ་༡༩༤༩ ལོར་རྒྱ་ནག་རྒྱལ་ཁབ་དེ་གུང་ཁྲན་ཏང་གིས་སྲིད་དབང་འཛིན་པ་ནས་བཟུང་། ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་བླ་ཆེན་གྱི་གདན་ས་Vatican དང་། རྒྱ་ནག་གཞུང་ཕན་ཚུན་ལུགས་མཐུན་གྱི་འབྲེལ་ལམ་མེད་པ་དང། Vaticanགདན་སའི་ཕྱོགས་ནས་རྒྱ་ནག་གཞུང་དང་དེ་བཞིན་རྒྱ་ནག་གཞུང་གིས་ཆོག་མཆན་ཡོད་པའི་རྒྱ་ནག་ནང་གི་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་དགོན་པ་ཁག་དང་འབྲེལ་བ་བཟང་དུ་གཏོང་རྒྱུའི་འབད་བརྩོན་གནང་བཞིན་ཡོད་པ་རེད།  
བཅར་འདྲིའི་ལས་རིམ་གྱི་ཐོག བླ་ཆེན་མཆོག་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སོགས་གནས་ཚུལ་རྙོག་གྲ་ཅན་ཐོག་ལ་བཀའ་མོལ་མ་གནང་བར། རྒྱ་ནག་གི་སྲིད་འཛིན་Xi Jinpingདང་རྒྱ་ནག་མང་ཚོགས་ལ་རྒྱ་མིའི་ལོ་གསར་ལ་འཚམས་འདྲི་གནང་བའི་ཐོག་ནས་Vaticanདང་། རྒྱ་ནག་གི་འབྲེལ་བའི་སྐོར་བཀའ་མོལ་གནང་བར་བརྟེན་ནས་། དེ་རིང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་Lu Kangགིས། བླ་ཆེན་གྱིས་གསུངས་པའི་འོས་མཚམས་ཀྱི་བཀའ་མོལ་དེར་ཚོར་དོ་སྣང་བྱུང་ཚུལ་དང་། རྒྱ་ནག་གི་ཕྱོགས་ནས་རྒྱ་ནག་དང་Vaticanགྱི་འབྲེལ་ལམ་ལྷག་བསམ་རྣམ་དག་གི་སྒོ་ནས་ཡར་རྒྱས་གཏོང་རྒྱུའི་འདོད་པ་ཡོད་ལུགས་བཤད་ཡོད་པ་རེད་།    
གདན་ས་Vaticanདང་རྒྱ་ནག་གཞུང་དབར་གྱི་འབྲེལ་ལམ་ཡག་པོ་མ་བྱུང་བའི་འགོག་རྐྱེན་གཅིག་ནི། རྒྱ་ནག་ནང་དུ་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་ཆོས་དཔོན་བསྐོ་བཞག་བྱེད་པར་མཐའ་མའི་ཐག་གཅོད་དེ་བླ་ཆེན་གྱི་གདན་ས་ནས་ཐག་གཅོད་བྱེད་དགོས་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཐེ་ཇུས་བྱེད་ཀྱི་ཡོད་པ་གནས་ཚུལ་དང་། འགོག་རྐྱེན་གཉིས་པ་དེ་ནི་བླ་ཆེན་མཆོག་གིས་ཐེ་ཝན་ལ་ཆེ་མཐོང་དང་ངོས་འཛིན་གནང་བའི་གནད་དོན་དེ་དག་ཡིན་པ་རེད།  སྤྱི་ལོ་༢༠༡༤ལོར་བླ་ཆེན་མཆོག་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་པའི་སྐབས་གཞུང་འབྲེལ་གྱི་ཐོག་ནས་གྲོས་མོལ་མཇུག་སྐྱོང་བྱ་རྒྱུ་དེ་ནི་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པའི་སྐོར་རྒྱ་ནག་ལ་འབོད་སྐུལ་གནང་བ་དང་། སྐབས་དེར་བླ་ཆེན་མཆོག་གི་གནམ་གྲུ་རྒྱ་ནག་གི་མཁའ་དབྱིངས་བརྒྱུད་ལྷོ་ཀོ་རི་ཡར་འཕུར་བསྐྱོད་བྱེད་དུ་བཅུག་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎