རྒྱ་ནག་ལ་ཞེད་མེད༧གོང་ས་ཏཱ་ལའི་བླ་མར་མཇལ་འདོད་ཡོད།


2015.01.22
༧གོང་ས་མཆོག་དང་ཡེ་ཤུའི་བླ་ཆེན། ༧གོང་ས་མཆོག་དང་ཡེ་ཤུའི་བླ་ཆེན།
དྲ་བཤུས

ཡེ་ཤུའི་བླ་ཆེན་མཆོག་གིས་དེ་སྔོན་ཁོང་གིས་༧གོང་ས་མཆོག་དང་མཇལ་འཕྲད་མ་གནང་བ་དེ་རྒྱ་ནག་གཞུང་ལ་ཞེད་པ་མིན་པ་གསུངས་འདུག
དེ་ཡང་ཡེ་ཤུའི་ཆོས་ལུགས་ཀྱི་བླ་ཆེན་པོཔ་ཕྷརན་སིསི་Francisཡིས་བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ན་ནིང་ཕྱི་ཟླ་༡༢པའི་ནང་ཨི་ཊ་ལིའི་རྒྱལ་ས་རོམ་དུ་ཞབས་སོར་འཁོད་སྐབས་མཇལ་འཕྲད་ཞུས་མ་གནང་པ་དེ་རྒྱ་ནག་གཞུང་ལ་ཞེད་པ་མིན་པས་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་སྒོ་མོ་ཕྱེ་ཡོད་པ་གསུངས་འདུག ཡེ་ཤུའི་བླ་ཆེན་པོབ་མཆོག་གཟའ་ཟླ་བའི་ཉིན་ཧྥེ་ལི་པིནསི་གྱི་རྒྱལ་ས་མ་ནི་ལ་ནས་ཨི་ཊ་ལིར་ཕྱིར་ཕེབས་སྐབས་གསར་འགོད་པ་ཚོར། ངས་རྒྱ་ནག་ལ་ཞེད་སྣང་བྱས་ཏེ་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་མ་ཞུས་པ་རེད་ཅེས་གནས་ཚུལ་བཀོད་སྤེལ་བྱས་འདུག་ཀྱང་དེ་ནི་བདེན་པ་མ་རེད། དེ་ནི་ཝེ་ཌི་ཁཱན་གཞུང་གི་འགྲོ་སྟངས་ཤིག་ཡིན་པ་ལས་མཇལ་འཕྲད་ཀྱི་ཚེས་དུས་གཏན་འབེབས་ཟིན་ཡོད་ཀྱང་དེ་འཕྲལ་དུ་ཡོང་རྒྱུ་ཞིག་མ་རེད། ང་ཚོའི་དབར་འབྲེལ་བ་བྱེད་མུས་ཡིན་ལ་༧གོང་ས་ཏཱ་ལའི་བླ་མར་མཇལ་འཕྲད་བྱེད་འདོད་ཡོད་ཅེས་གསུངས་འདུག
ཡང་རྒྱ་ནག་དང་ཝུ་ཌེ་ཁཱན་བར་གྱི་འབྲེལ་ལམ་སྐོར་ལ། ཡེ་ཤུའི་བླ་ཆེན་གྱིས་ངོས་རང་རྒྱ་ནག་ཏུ་འགྲོ་རྒྱུའམ་ཡང་ན་རྒྱ་ནག་གི་དབུ་ཁྲིད་ཝུ་ཌེ་ཁཱན་དུ་སྣེ་ལེན་ཞུ་རྒྱུའི་གྲ་སྒྲིག་ཡོད་ཅེས་དང་། ཁོང་གིས་རྒྱ་ནག་གི་སྲིད་འཛིན་གྱི་མཚན་ཐོག་སླར་ཡང་ངས་ཁྱེད་དང་རྒྱ་ནག་མི་དམངས་ཚོར་བྱིན་རླབས་དང་། འཆམ་མཐུན། དཔལ་ཡོན་གྱི་མངའ་ཐང་རྒྱས་རྒྱུའི་སྨོན་ལམ་ཡོད་ཅེས་པའི་ཏར་འཕྲིན་ཞིག་ཀྱང་བཏང་གནང་ཡོད་པ་སོགས་གསུངས་འདུག

གསར་འགོད་པ་ཕྲ་རིང་བསྟན་ནོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎