ཐའེ་ལྦན་གྱིས་ཕྱི་ཡུལ་ནས་ས་ཁང་ཉོ་སྒྲུབ།

ཐའེ་ལྦན་མི་མང་པོས་ཕྱི་རྒྱལ་ནང་ས་ཁང་ཉོ་རྒྱུའི་འདེམས་ཁ་ཨང་དང་པོ་རྒྱ་ནག་སྐམ་ས་ཆེན་མོའི་ནང་ནས་ཉོ་རྒྱུའི་བསམ་ཚུལ་བརྗོད་འདུག

2011.01.14

༄༅༎ཐའེ་ལྦན་ནང་དམངས་ཁྲོད་དུ་བསམ་ཚུལ་བསྡུ་ལེན་བྱས་པ་ཞིག་གཟའ་ཕུར་བུའི་ཉིན་ཕྱིར་བསྒྲགས་བྱས་ཡོད་པའི་ནང་ཐའེ་ལྦན་མི་མང་པོས་ཕྱི་རྒྱལ་ནང་ས་ཁང་ཉོ་རྒྱུའི་འདེམས་ཁ་ཨང་དང་པོ་རྒྱ་ནག་སྐམ་ས་ཆེན་མོའི་ནང་ནས་ཉོ་རྒྱུའི་བསམ་ཚུལ་བརྗོད་ཡོད་པའི་ཐོག་ནས་ ཉེ་བའི་ཆར་རྒྱ་ནག་དང་ཐའེ་ལྦན་དབར་གྱི་ཚོང་དོན་དཔལ་འབྱོར་འབྲེལ་ལམ་བཟང་དུ་འགྲོ་བཞིནཔའི་མཚོན་རྟགས་བཏོན་ཡོད་པ་རེད་ ཐའེ་ལྦན་ནང་ཡོད་པའི་རྒྱ་ནག་ལ་ཡིད་ཆེས་ཞེས་པའི་ས་ཁང་ཚོང་གཉེར་ཁང་གིས་མི་གྲངས་༡༣༢༠ཙམ་གྱི་བསམ་ཚུལ་བསྡུ་ལེན་བྱས་པའི་ནང་ མི་མང་པོ་ཞིག་གིས་ཕྱི་རྒྱལ་ཡུལ་ཁག་ནང་ས་ཁང་ཉོ་སྒྲུབ་བྱ་རྒྱུར་ཐོག་མའི་འདེམས་ཁ་དེ་བཞིན་རྒྱ་ནག་སྐམ་ས་ཆེན་མོའི་ནང་ཡིན་ལུགས་ཀྱི་བསམ་ཚུལ་བརྗོད་ཡོད་པ་དང་ འདེམས་ཁ་ཨང་གཉིས་པ་དེ་ཉི་ཧོང་ཡིན་ཞིང་ལྷག་པར་དུ་ཉེ་བའི་ཆར་ཉི་ཧོང་དང་ཐའེ་ལྦན་དབར་ཐད་ཀར་གྱི་མཁའ་ལམ་བཙུགས་ནས་ཕན་ཚུན་དབར་འགྲོ་འོངས་སྟབས་བདེ་རུ་ཕྱིན་ཡོད་པ་དང་ཐའེ་ལྦན་གྱི་ས་ཁང་ཚོང་དོན་ལས་ཁང་དེས་བསམ་ཚུལ་བསྡུ་ལེན་བྱས་པའི་ནང་ ཐའེ་ལྦན་མི་མང་ཚོས་ཕྱི་རྒྱལ་ཡུལ་ཁག་ནང་ས་ཁང་ཉོ་རྒྱུར་ཐོག་མའི་འདེམས་ཁ་དེ་བཞིན་རྒྱ་ནག་སྐམ་ས་ཆེན་མོ་ཡིན་པའི་བསམ་ཚུལ་བརྗོད་ཡས་དེ་ཡང་ཉེ་བའི་ཆར་ཕྱོགས་གཉིས་དབར་གྱི་ཚོང་དོན་དཔལ་འབྱོར་འབྲེལ་ལམ་བཟང་དུ་ཕྱིན་པ་དང་ ལྷག་པར་དུ་ན་ནིང་རྒྱ་ནག་དང་ཐའེ་ལྦན་དབར་དཔལ་འབྱོར་དང་ཚོང་དོན་གྱི་ཆིངས་ཡིག་ལ་ས་རྟགས་བཀོད་པའི་རྗེས་ཕྱོགས་གཉིས་དབར་འགྲོ་འོངས་སྟབས་བདེ་རུ་ཕྱིན་པའི་དབང་གི་ཡིན་ཞིག་ དེ་མིན་ཐའེ་ལྦན་གཞུང་གིས་ཐའེ་ལྦན་ནང་ས་ཁང་གི་ཚོང་དོན་ཁྲོམ་རའི་ནང་སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁང་ཉོ་མཁན་ཚོར་དངུལ་བུན་གཡར་རྒྱུར་ཚད་བཀག་བཟོས་པ་དང་ དེ་བཞིན་ས་ཁང་གི་དཔྱ་ཁྲལ་འཕར་ཆ་བྱེད་ཡས་སོགས་ཀྱི་ཐབས་ལམ་འཛིན་ནས་ས་ཁང་ཚོང་གཉེར་ཁྲོམ་རའི་འཁྲུག་ཆ་ཆུང་ངུ་གཏོང་ཐབས་སོགས་ཀྱི་ཐབས་ལམ་བཏོན་ནས་མང་ཚོགས་ཚོས་ཕྱི་རྒྱལ་ཡུལ་ཁག་ནང་ས་ཁང་ཉོ་སྒྲུབ་བྱ་རྒྱུར་སྐུལ་སྤེལ་བྱེད་བཞིན་ཡོད་པའི་སྐོར་རྒྱ་ནག་ཡིད་ཆེས་ཞེས་པའི་ས་ཁང་ཚོང་གཉེར་ཁང་དེས་སྤེལ་བའི་གསལ་བསྒྲགས་ནང་འཁོད་ཡོད་པ་རེད་   

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎