ཐའེ་ལྦན་ཡུལ་མིས་རྒྱ་ནག་དང་ཆབ་སྲིད་འབྲེལ་ལམ་ཐོག་འདོད་པ།

ཐའེ་ལྦན་གྱི་ཡུལ་མི་ཚོས་ད་བར་གྱི་དགྲ་བོ་རྒྱ་ནག་དང་ཆབ་སྲིད་ཀྱི་འབྲེལ་ལམ་བྱེད་རྒྱུའི་འདོད་པ་ཆེ་རུ་འགྲོ་ཡི་ཡོད་པའི་གནས་ཚུལ་ཐོན་འདུག

2009.12.16

༄༅༎ཐའེ་ལྦན་གྱི་ཡུལ་མི་ཚོས་ད་བར་གྱི་དགྲ་བོ་རྒྱ་ནག་དང་ཆབ་སྲིད་ཀྱི་འབྲེལ་ལམ་བྱེད་རྒྱུའི་འདོད་པ་ཆེ་རུ་འགྲོ་ཡི་ཡོད་པའི་གནས་ཚུལ་ཐོན་འདུག

ཐའེ་ལྦན་གྱི་གྲོང་ཁྱེར་ཏའི་ཆུང་ནང་བདུན་གཅིག་གོང་ཐའེ་ལྦན་དང་རྒྱ་ནག་གི་སྐུ་ཚབ་དབར་ཆེས་མཐོའི་ཚོགས་འདུ་ཞིག་གནང་བའི་རྗེས་སུ་ ཀོམན་ལྦེལ་ཐེ་ཞེས་པའི་དུས་དེབ་ཀྱིས་ཡུལ་མི་༡༠༩༠་ཡི་བསམ་ཚུལ་བསྡུ་རུབ་བྱས་པའི་ནང་བརྒྱ་ཆ་༥༧གྱིས་སྲིད་འཛིན་མྭ་ཡིན་ཇུ་ཡིས་དམག་འཁྲུག་འགོག་ཐབས་དང་ཞེ་བདེ་བསྐྲུན་ཆེད་དུ་རྒྱ་ནག་གཞུང་དང་འབྲེལ་ལམ་གནང་རྒྱུར་རྒྱབ་སྐྱོར་བྱས་ཡོད་འདུག དེ་ནི་སྲིད་འཛིན་མྭ་ཡིན་ཇུ་ཡིས་གལ་ཆེ་ཤོས་དཔལ་འབྱོར་དང་དེ་རྗེས་ཆབ་སྲིད་ཀྱི་འབྲེལ་ལམ་བརྩི་བཞིན་པ་དེ་དང་ཐ་དད་ཆགས་པ་རེད་ སྲིད་འཛིན་མྭ་ཡིང་ཇུ་ཡིས་ཐའེ་ལྦན་གྱི་དཔལ་འབྱོར་ས་བརྟན་ཡོང་བའི་སླད་དུ་ད་བར་རྒྱ་ནག་དང་ཚོང་དོན་གྱི་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུར་འབད་བརྩོན་ཆེ་བ་གནང་ཡོད་རེད་ ཆབ་སྲིད་ཀྱི་འབྲེལ་ལམ་ལས་སླ་པོར་ཡོང་ཐབས་མེད་པ་རེད་ འོན་ཀྱང་གནད་དོན་དབྱེ་ཞིབ་པ་ཚོས་སྔ་ཕྱི་མ་གཏོགས་མཚོ་ཁ་ཕན་ཚུན་དབར་ཞི་འགྲིག་གི་ཆིངས་དོན་འཇོག་རྒྱུར་མོས་མཐུན་ཡོང་བའི་ཚོད་དཔགས་བྱེད་ཀྱི་ཡོད་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎