རྒྱ་མིའི་ཉེན་རྟོག་པས་གྲོང་གསེབ་པ་གཉིས་རྐྱེན་ལམ་དུ་བཏང་བ།

རྒྱ་ནག་གི་ལྷོ་ནུབ་ཁུལ་གྱི་གྲོང་གསེབ་པ་དང་ཉེན་རྟོག་པའི་བར་དྲག་པོའི་རྒོལ་འཛིངས་བྱུང་སྟེ་ཉེན་རྟོག་པས་མི་གཉིས་རྐྱེན་ལམ་དུ་བཏང་འདུག

2008.07.20

༄༅༎རྒྱ་ནག་གི་ལྷོ་ནུབ་གྲོང་གསེབ་ས་ཁུལ་ནང་གྲོང་གསེབ་པ་དང་རྒྱ་མིའི་ཉེན་རྟོག་པའི་བར་དྲག་པོའི་རྒོལ་འཛིངས་བྱུང་སྟེ་ཉེན་རྟོག་པས་མི་གཉིས་རྐྱེན་ལམ་དུ་བཏང་ཡོད་པའི་སྐོར་ལ་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་རྒྱ་ནག་གཞུང་འབྲེལ་གསར་ལམ་ཐོག་གནས་ཚུལ་སྤེལ་ཡོད་ཅིང༌། དྲག་པོའི་དོན་རྐྱེན་དེ་ནི་རྒྱ་ནག་ནང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚུགས་འགྲོ་ཡོད་པའི་སྐབས་དེར་སྤྱི་ཚོགས་ཐོག་གི་ཟིང་ཆའི་གནད་དོན་གསར་པ་ཞིག་ཡིན་པ་རེད། དོན་རྐྱེན་བྱུང་རིམ་ནི་ཡུ་ནན་ཞིང་ཆེན་གྱི་ས་གནས་གཞུང་གིས་ས་གནས་དེའི་ནང་འགྱིག་རིགས་བཟོ་སྐྲུན་ཆེད་དུ་མཁོ་བའི་རྒྱུ་ཆ་འདེབས་ལས་ཀྱི་འཚོ་ཐབས་བྱེད་མཁན་གྱི་གྲངས་ཉུང་མི་རིགས་ཀྱི་ཞིང་པ་ཚོར་ཁོང་ཚོའི་འཚོ་བའི་ཐོན་ཁུངས་འབྱིག་བཟོ་ཡ་གི་རྒྱུ་ཆ་འདེབས་ལས་བྱེད་ཡུལ་གྱི་ས་ཞིང་ས་གནས་གཞུང་ལ་ཚོང་འགྲེམས་བྱ་དགོས་པ་དང་དེ་ཡང་བརྒྱ་ཆ་༤༠ རིན་གོང་དམའ་བ་བྱས་ཏེ་ཚོང་དགོས་པའི་བཙན་བཀའ་བཏང་བར་བརྟེན་ཞིང་པ་རྣམས་ཁོང་ཁྲོ་ཆེན་པོའི་སྒོ་ནས་རེས་གཟའ་སྤེན་པའི་སྔ་དྲོ་ཞིང་པ་ཆིག་སྟོང་ལྷག་འདུ་འཛོམས་ཀྱིས་ས་གནས་གཞུང་ལ་ངོ་རྒོལ་བྱས་པའི་སྐབས་ཉེན་རྟོག་པ་དང་དྲག་པོའི་གདོང་ཐུག་བྱུང་སྟེ་ཉེན་རྟོག་པས་ངོ་རྒོལ་བྱེད་མཁན་གྱི་ཞིང་པ་གཉིས་རྐྱེན་ལམ་དུ་བཏང་བ་དང་གཅིག་ལ་ཚབས་ཆེའི་རྨས་སྐྱོན་ཕོག་ཡོད་པ། མི་གྲངས་༢༠ ཙམ་འཛིན་བཟུང་བྱས་པའི་སྐོར་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ལྟེ་གནས་ཁང་གིས་གསུང་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་ཤིང་ཧྭ་གསར་ཤོག་ཐོག་ལ། མི་གཉིས་རྐྱེན་ལམ་དུ་ཕྱིན་པ་ངོས་ལེན་བྱས་ཡོད་པ་དང་ཡིན་ནའང་ གྲོང་གསེབ་པ་༡༣ དང་ཉེན་རྟོག་པ་༤༡ ལ་རྨས་སྐྱོན་ཕོག་པ། ཉེན་རྟོག་པའི་མོ་ཊ་བརྒྱད་གཏོར་སྐྱོན་བཏང་བའི་སྐོར་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎