༸གོང་ས་མཆོག་ལ་པོ་ལེན་ཌ་མི་སེར་གྱི་ཕྱག་འཁྱེར་འབུལ་འཆར།

༸གོང་ས་མཆོག་ལ་ཡུ་རོབ་ཀྱི་ཡུལ་གྲུ་པོ་ལེན་དྲེས་བདུན་ཕྲག་རྗེས་མར་ཆེས་མཐོའི་མི་སེར་གྱི་ཕྱག་འཁྱེར་འབུལ་འཆར་ཡོད་པའི་གནས་ཚུལ་འདུག

2009.07.24

༄༅༎བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བདུན་ཕྲག་རྗེས་མར་ཡུ་རོབ་ཀྱི་ཡུལ་གྲུ་པོ་ལེན་དྲེའི་རྒྱལ་ས་ལྦར་སོར་ཆིབས་བསྒྱུར་བསྐྱང་སྐབས་ཡུལ་དེའི་ཆེས་མཐོའི་མི་སེར་གྱི་ཕྱག་འཁྱེར་འབུལ་འཆར་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་འདི་ཚེས་ཉི་ཤུ་གསུམ་ཉིན་ཨི་ཡུ་ཨེ་ཤེ་ཡེན་ནིའུ་སི་ཞེས་པའི་ནང་ཐོན་པའི་གནས་ཚུལ་ཞིག་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་བཀོད་པར་གཞིགས་ན་པོ་ལེན་དྲེ་མི་མང་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ་བཞིན་ཡོད་པ་མ་ཟད་འཛམ་གླིང་འདིའི་སྟེང་༸གོང་ས་མཆོག་ནི་གཞན་ལ་ཕན་བདེ་སྐྲུན་མཁན་རླབས་ཆེན་གྱི་མི་སྣ་གྲགས་ཅན་ཞིག་ངོས་འཛིན་ཞུ་གི་ཡོད་པ་དང་དེ་བཞིན་༸གོང་ས་མཆོག་ཡུལ་གྲུ་གང་འདྲ་ཞིག་ཏུ་ཞབས་སོར་འཁོད་ཀྱང་ཡུལ་དེའི་ཁོར་ཡུག་སོགས་ལ་ངོ་མཚར་གྱི་རྣམ་པ་བཟང་པོ་བཞད་ནས་དེར་གནས་པའི་མི་མང་རྣམས་ལ་བདེ་སྐྱིད་ཀྱི་སྣང་བ་སྦྱིན་གྱི་ཡོད་པ་པོ་ལེན་དྲེ་མི་མང་རྣམས་ཀྱིས་ངོས་འཛིན་ཞུ་བཞིན་ཡོད་པ་ནི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་པོ་ལེན་དྲེའི་སྲིད་འཛིན་ཟུར་པ་ལེཀ་ལྦ་ལེ་ས་ཡིས་གསུངས་གསལ་ལ་༸གོང་ས་མཆོག་ལ་པོ་ལེན་དྲེའི་མི་སེར་གྱི་ཕྱག་འཁྱེར་འབུལ་རྒྱུ་དེ་ནི་ང་ཚོར་དགའ་སྤོབས་སྐྱེས་འོས་པ་ཞིག་རེད་ཅེས་སྔ་ལོ་ཁོང་གིས་གོ་སྒྲིག་གནང་བའི་ཚོགས་འདུ་ཞིག་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱངས་པའི་སྐབས་གསུངས་ཡོད་པ་དང་ཡང་དབྱིན་ཡུལ་དུ་གནས་སྡོད་པོ་ལེན་དྲེའི་སྐུ་ཚབ་ཟུར་པ་ལྕམ་སྐུ་ཇ་ཡན་ཏི་ཌི་ལྦེ་རིཡོན་ལགས་ཀྱིས་ཀྱང་འཛམ་གླིང་འདིའི་སྟེང་བླ་ན་མེད་པའི་དཔོན་རིགས་གཉིས་ཡོད་པ་ནི་ལྷོ་ཨཕ་རི་ཀའི་སྲིད་འཛིན་ཟུར་པ་ནེལ་སེན་མན་ཌེ་ལ་དང་བོད་མིའི་དབུ་འཁྲིད་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་རེད་ཅེས་གསུངས་ཡོད་པའི་གནས་ཚུལ་བཀོད་འདུག་ལ་ཡང་གནས་ཚུལ་ནང་གསལ་བར་བྱས་ན་པོ་ལེན་དྲེའི་མི་སེར་ཕྱག་འཁྱེར་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འདི་ཚེས་ཉི་ཤུ་དགུ་ཉིན་འབུལ་རྒྱུ་ཡིན་པ་དང་ཕྱག་འཁྱེར་མ་ཕུལ་བའི་ཉིན་གཅིག་གི་སྔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུལ་དེའི་རྒྱལ་ས་ལྦར་སོའི་མཐོ་སློབ་ཏུ་བཀའ་སློབ་བསྩལ་གནང་མཛད་རྒྱུ་ཡིན་པའི་འགྲེལ་བརྗོད་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎