པོ་ལེན་དྲེའི་ཡུལ་ནས་༸གོང་ས་མཆོག་ལ་ཆེ་བསྟོད་ཞུ་རྒྱུའི་སྐོར།

པོ་ལེན་དྲེའི་ཡུལ་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མི་སེར་གྱི་ཆེ་བསྟོད་ཕྱག་འཁྱེར་འབུལ་རྒྱུ་ཡིན་འདུག

2009.07.23

༄༅༎པོ་ལེན་དྲེའི་ཡུལ་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མི་སེར་གྱི་ཆེ་བསྟོད་ཕྱག་འཁྱེར་འབུལ་རྒྱུ་ཡིན་འདུག

དེ་ཡང་ཨི་ཡུ་ཨེ་ཤེ་ཡ་ནིའུ་སི་ཞེས་པའི་དྲ་རྒྱའི་ནང་གནས་ཚུལ་སྤེལ་བ་ཞིག་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་ལུང་འདྲེན་བྱས་པར་ལྟར་ན་པོ་ལེན་དྲེའི་རྒྱལ་ས་ལྦར་སོའི་གྲོང་ཁྱེར་སྤྱི་ཁྱབ་མཆོག་གིས་སྔ་ལོ་༸གོང་ས་ཏཱ་ལའི་བླ་མ་མཆོག་ཁུལ་འདིར་བགྲོ་གླེང་ཚོགས་འདུ་ཞིག་ཏུ་ཆིབས་བསྒྱུར་གནང་བའི་སྐབས་གྲོང་སྡེ་ལྷན་ཚོགས་ནས་སྐུ་ཉིད་འདི་གར་གདན་འདྲེན་ཞུ་རྒྱུའི་གྲོས་མཐུན་བྱུང་བ་ཞིག་རེད་ལ་ད་རེས་༸གོང་ས་མཆོག་འདི་གར་ཕེབས་བསུ་དང་ཆེ་བསྟོད་ཞུ་རྒྱུ་ནི་ང་ཚོར་གོ་སྐབས་བཟང་པོ་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད་ཅེས་གསུངས་ཡོད་འདུག

གོང་ཞུས་གནས་ཚུལ་ནང་བཀོད་པར་ལྟར་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཚེས་ཉི་ཤུ་བརྒྱད་ཉིན་རྒྱལ་ས་ལྦར་སོའི་ནང་མང་ཚོགས་ལ་ཤེས་ཡོན་དང་འཛམ་གླིང་ཀུན་ལ་འཁྲི་པའི་འགན་ཞེས་པའི་བརྗོད་གཞིའི་ཐོག་གསུངས་བཤད་གནང་རྒྱུ་དང་དེ་ནས་ཚེས་ཉི་ཤུ་དགུ་ཉིན་གྲོང་ཁྱེར་དེ་ནས་མི་སེར་གྱི་ཆེ་བསྟོད་འབུལ་རྒྱུ་ཡིན་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་པོ་ལེན་དྲེའི་ནང་ད་བར་ཐེངས་བཞི་ཙམ་ཆིབས་བསྒྱུར་བསྐྱངས་གནང་མྱོང་ཡོད་པ་མ་ཟད་ཡུལ་དེའི་ནང་༸གོང་ས་མཆོག་ལ་དད་གུས་དང་དགའ་མོས་ཞུ་མཁན་ལོ་རེ་ནས་ཇེ་མང་དུ་འགྲོ་གི་ཡོད་པ་མ་ཟད་ནང་ཆོས་ལ་དོ་སྣང་བྱེད་མཁན་ཡང་ཧ་ཅང་མང་པོ་ཆགས་ཀྱི་ཡོད་པའི་སྐོར་ཁུལ་དེའི་ནང་ཡོད་པའི་ནང་ཆོས་སློབ་གཉེར་གནང་མཁན་བུད་མེད་ཅིག་ནས་འགྲེལ་བརྗོད་བྱས་འདུག ཁོང་རང་ཉིད་ནས་ཀྱང་འཛམ་གླིང་ནང་ནས་དབུ་འཁྲིད་དགའ་མོས་ཆེ་ཤོས་བྱེད་ཡུལ་༸གོང་ས་མཆོག་དང་ལྷོ་ཨཕ་རི་ཀའི་དབུ་འཁྲིད་ཟུར་པ་ནེལ་སེན་མན་དྲེ་ལ་རྣམ་གཉིས་ཡིན་ཞེས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎