རྨ་ཆུའི་རྟ་རྒྱུགས་ཆེན་མོའི་སྐབས་དྲག་ཆས་མ་སྤྲས་པའི་དམག་མི་མང་པོ་འགྲེམས་འཇོག་བྱས་ཡོད་པ།


2019.08.14
རྨ་ཆུའི་རྟ་རྒྱུགས་ཆེན་མོའི་སྐབས་དྲག་ཆས་མ་སྤྲས་པའི་དམག་མི་མང་པོ་འགྲེམས་འཇོག་བྱས་ཡོད་པ། འདི་ལོ་རྨ་ཆུའི་རྟ་རྒྱུགས་ཆེན་མོའི་སྐབས་རྒྱ་ནག་གཞུང་གིས་དྲག་ཆས་མ་སྤྲས་པའི་དམག་མི་མང་པོ་འགྲེམས་འཇོག་བྱས་ཡོད་པ།
བོད་ནས་བཏང་འབྱོར།

དེ་ཡང་བོད་ཀྱི་རྨ་ཆུ་རྫོང་དུ་ཟླ་བ་འདིའི་ཕྱི་ཚེས་༡༣ཉིན་ནས་བཟུང་ཉིན་གྲངས་དྲུག་གི་རིང་ལ་རྨ་ཆུའི་རྟ་རྒྱུགས་ཆེན་མོ་ཚོགས་བཞིན་ཡོད་ཅིང་། རྟ་རྒྱུགས་ཀྱི་ཉིན་གཉིས་པར་རྟ་རྒྱུགས་རྭ་བའི་ཕྱི་ནང་ཡོངས་སུ་འགྲེམས་འཇོག་བྱས་པའི་དམག་མི་ཚོའི་དྲག་ཆས་ཕུད་དེ་མང་ཚོགས་དཀྱུས་མ་བཞིན་རྟ་རྒྱུགས་རྭ་བའི་ཕྱི་ནང་གང་སར་དམག་མི་མང་པོ་མངགས་གཏོང་བྱས་ཡོད་པའི་སྐོར་བོད་ནང་གི་བོད་མི་ཞིག་གིས་བརྗོད་པར།  ད་ལོ་སྔར་དང་མི་འདྲ་བ་ཞིག་ནི་དམག་མི་ཚང་མས་དམག་ཆས་མ་གྱོན་པར་གཅིག་གྱུར་ངང་སྒྲིག་ཆས་གྱོན་ནས་རྟ་རྒྱུགས་རྭ་བའི་ཕྱི་ནང་ཡོངས་དང་མང་ཚོགས་འདུ་འཛོམས་ཡོད་སའི་ཕྱོགས་སོ་སོར་གཞུང་ཕྱོགས་ནས་ཆེད་མངགས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་ལྟ་སྲུང་ནན་མོ་བྱེད་བཞིན་ཡོད་པ་བརྗོད་བྱུང་།

ད་དུང་ངོ་སྤྲོད་གནང་བར།  ཕྱི་ཚེས་༡༣ཉིན་རིང་ཚད་མཱི་ཊར་ཉིས་སྟོང་བྱས་པ་ཞིག་རྒྱུགས་པ་དང་ཕྱི་ཚེས་༡༤ཉིན་རིང་ཚད་མཱི་ཊར་ལྔ་སྟོང་བྱས་པ་ཞིག་གི་འགྲན་བསྡུར་བྱེད་ཀྱི་ཡོད་འདུག་ལ། དེ་ནས་རིམ་བཞིན་རིང་ཚད་མཱི་ཊར་ཁྲི་བྱས་པའི་འགྲན་བསྡུར་བྱེད་ཀྱི་ཡོད་འདུག སི་ཁྲོན་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན། ཀན་སུའུ་ཞིང་ཆེན་སོགས་ཀྱི་ཁོངས་སུ་དབྱེ་པའི་བོད་ཀྱི་ས་ཁུལ་ཁག་ནས་ཆེད་དུ་འགྲན་བསྡུར་ནང་མཉམ་ཞུགས་བྱས་ཡོད་པ་དང་། དགོང་དྲོ་ཡུལ་ཕྱོགས་སོ་སོ་ནས་ཡོང་མཁན་གྱི་གླུ་གར་ཚོགས་པ་ཁག་གིས་གླུ་གཞས་དང་ཞབས་བྲོ་འཁྲབ་པ་སོགས་མང་ཚོགས་མང་པོ་འདུ་འཛོམས་བྱས་ཡོད་པ་ངོ་སྤྲོད་གནང་བྱུང་།

ཡང་ཐེངས་འདིའི་རྨ་ཆུའི་རྟ་རྒྱུགས་སྟེང་མི་ཚོགས་མང་པོ་འདུ་འཛོམས་བྱུང་ཡོད་པའི་ཐོག་ཟ་ཁང་དང་ཚོང་ཁང་གཉེར་མཁན་ཡང་མང་པོ་ཞིག་སླེབས་ཡོད་པའི་སྐོར་རྟ་རྒྱུགས་ནང་མཉམ་ཞུགས་བྱེད་མཁན་མི་སྣ་གཞན་ཞིག་གིས་བརྗོད་དོན་པར། ཉིན་གྲངས་དྲུག་གི་རིང་ལ་ཚོང་ཁང་འཛུགས་སའི་སྡོད་གུར་ཅུང་ཆེ་བའི་ས་ཆ་ཞིག་ལ་ཉིན་རེར་རྒྱ་སྒོར་ལྔ་བརྒྱ་ནས་ཆིག་སྟོང་བར་གྱི་ས་རིན་སྤྲོད་དགོས་ཀྱི་ཡོད་པ་དེ་རིན་གོང་ཧ་ཅང་མཐོ་པོ་རེད་འདུག་ཅེས་དང་།   ཟ་ཁང་དང་ཚོང་ཁང་ཕལ་ཆེར་ཆིག་སྟོང་ལྷག་ཙམ་ཡོད་པ་འདི་གཞི་རྒྱ་ཆེན་པོ་ཡིན་པ་མ་ཟད།    ད་དུང་བྱིས་པའི་རྩེད་མོ་རྩེ་ས་ཡང་མང་པོ་ཞིག་བཙུགས་ཡོད་པ་སོགས་གང་ལྟར་ཉུང་མཐར་ཡང་མི་གྲངས་ཁྲི་ཁ་ཤས་འདུ་འཛོམས་བྱུང་ཡོད་པ་དང་།    དྲག་ཆས་མ་སྤྲས་པའི་དམག་མི་ཡང་མང་པོ་མངགས་གཏོང་བྱས་ཡོད་པ་བརྗོད་ཀྱི་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎