རྒྱ་ནག་གིས་བོད་ནང་གི་བཅིངས་གྲོལ་དམག་མིར་ཟབ་སྦྱོང་བྱས་འདུག


2015.08.13
མདོ་སྨད་ཕྱོགས་སུ་རྒྱ་ནག་གི་དམག་གིས་རྔམ་སྟོན་གནང་བཞིན་པ། མདོ་སྨད་ཕྱོགས་སུ་རྒྱ་ནག་གི་དམག་གིས་རྔམ་སྟོན་གནང་བཞིན་པ།
བོད་འབྱོར།

རྒྱ་ནག་གིས་བོད་ཀྱི་ས་ཁུལ་ཁག་གི་བཅིངས་གྲོལ་དམག་མི་འབུམ་ལྷག་ལ་དམག་སར་གདོང་ལེན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་བྱས་འདུག
དེ་ཡང་རྒྱ་གར་དབུས་གསར་འགྱུར་ལས་ཁང་PTIནང་གི་གནས་ཚུལ་ལྟར་ན། ཉིན་ཤས་གོང་བོད་ཀྱི་ས་ཁུལ་ཁག་གི་ནང་ཡོད་པའི་རྒྱ་མིའི་བཅིངས་གྲོལ་དམག་མི་ཆིག་འབུམ་བཞི་ཁྲི་ཙམ་ལ། དེང་དུས་འཕྲུལ་རིགས་དང་བསྟུན་ནས་དམག་སར་གདོང་ལེན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་ཞིག་ཟི་ཁྲོན་ཞིང་ཆེན་ནང་བྱས་ཡོད་པ་དང་། ཟབ་སྦྱོང་དེ་ནི་ཁྲིན་འདུ་གྲོང་ཁྱེར་དམག་མིའི་སྡེ་ཁག་གི་སྤྱི་ཁྱབ་ནས་གོ་སྒྲིག་བྱས་པ་ཞིག་ཡིན་ལུགས་བདེ་སྲུང་ཚན་པའི་སྤྱི་བསྒྲགས་ཞིག་སྤེལ་ཡོད་པའི་ནང་བཀོད་ཡོད་འདུག
ཡང་གོང་ཞུས་སྤྱི་བསྒྲགས་དེའི་ནང་། ཟི་ཁྲོན་ཞིང་ཆེན་གྱི་ཁྲིན་འདུའི་སྤྱི་ཁྱབ་ཀྱིས་རྒྱུན་གཏན་ནས་བོད་ཀྱི་ས་ཁུལ་ཁག་དེའི་ཁྱབ་ཁོངས་ཡིན་འདུག ད་རེས་ཟབ་སྦྱོང་དེའི་ནང་། རྒྱ་ནག་གི་ས་མཚོ་གནམ་གསུམ་གྱི་དམག་མི་ཚུད་ཡོད་པ་དང་། ཟབ་སྦྱོང་འདི་བརྒྱུད་ནས་དམག་མི་ཚོར་དེང་དུས་ཀྱི་འཕྲུལ་ལས་དང་བསྟུན་ནས་གདོང་ལེན་བྱེད་ཕྱོགས་དང་། གློ་བུར་དུ་ཚུར་རྒོལ་བྱེད་པའི་སྐབས་སུ་གདོང་ལེན་བྱེད་སྟངས་སོགས་ཀྱི་སྐོར་ཡར་རྒྱས་གཏོང་ཐབས་སུ་ཕན་ཐོག་ཡོང་རྒྱུ་ཡིན་ལུགས་བཀོད་འདུག
ཟབ་སྦྱོང་སྤྲོད་ཡུལ་གྱི་དམག་མི་དེ་དག་ནི་བོད་ཀྱི་ས་ཁུལ་ཁག་ནས་ཡིན་པ་དང་། རྒྱ་དཀར་ནག་གཉིས་ཀྱི་ས་སྲུང་དམག་མི་ཡང་ཡིན་པ་རེད།
ཉེ་བའི་ཆར་རྒྱ་ནག་གི་དམག་མིས་རྩོད་རྙོག་ཅན་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་གི་ཉེ་འཁྲིས་སུའང་འདི་ལྟབུའི་དམག་སྤྱོང་བྱས་ཡོད་པ་དང་། དེར་ཨ་མི་རི་ཀ་གཙོས་འབྲེལ་ཡོད་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་སྐྱོན་བརྗོད་བྱས་ཡོད་པ་རེད། འོན་ཀྱང་རྒྱ་ནག་ནས་དེ་ནི་རྒྱུན་གཏན་གྱི་དམག་མིའི་ཟབ་སྦྱོང་ཞིག་ཡིན་པ་ལས་ཉེན་ཁ་བཟོ་རྒྱུའི་ཆེད་མིན་ལུགས་འགྲེལ་བཤད་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎