ཨ་རིའི་སྲིད་འཛིན་ལ་ཞུ་འབོད།


2013.06.07
ཨ་རི་དང་རྒྱ་ནག་གི་སྲིད་འཛིན།
གཞུང་འབྲེལ་དྲ་གནས།

༄༅།    །ཨ་རིའི་སྲིད་འཛིན་Obama དང་རྒྱ་ནག་གི་སྲིད་འཛིན་Xi Jinping གཉིས་དེ་རིང་རེས་གཟའ་པ་སངས་ཉིན་ཨ་མི་རི་ཀའི་ནུབ་ཕྱོགས་མངའ་སྡེ་California དུ་ཚོགས་རྒྱུའི་ལྷན་ཚོགས་ཐོག་མཇལ་འཕྲད་གནང་གི་ཡོད་པ་རེད།    ད་རེས་ཀྱིས་མཇལ་འཕྲད་དེའི་སྐབས་ལ་རྒྱ་ནག་ཕྱོགས་ནས་ཨ་མི་རི་ཀའི་དྲ་རྒྱའི་ནང་འཛུལ་ཏེ་གནས་ཚུལ་རྐུ་འཁྱེར་བྱེད་པའི་བྱ་སྤྱོད་དང།    བྱང་ཀོ་རི་ཡས་རྡུལ་ཕྲན་བཟོ་སྐྲུན་བྱེད་པ་དང་རྡུལ་ཕྲན་གོ་མཚོན་ཚོད་ལྟ་བྱེད་པའི་དཀའ་ངལ་སོགས་ཀྱི་སྐོར་བཀའ་བསྡུར་གཙོ་བོ་གནང་གི་ཡོད་ཅིང། Xi Jinping གྱིས་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གི་སྲིད་དབང་འཛིན་པ་ནས་བཟུང་ད་རེས་ཨ་རིའི་ནང་དུ་འཚམས་འདྲི་ཐེངས་དང་པོ་ཡིན་པ་དང། ཨ་རིའི་ནང་དུ་ཡོད་པའི་རྒྱ་ནག་གི་གནད་དོན་ལ་རྟོགས་ཞིབ་གནང་མཁན་གྱི་ཚོགས་པས་འདས་ཟིན་པའི་ལོའི་ནང་ཨ་རི་དང་རྒྱ་ནག་དབུ་ཁྲིད་ལྷན་ཚོགས་གནང་བའི་ནང་ནས་ད་རེས་ཀྱི་ཨ་རི་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་ཀྱི་ལྷན་ཚོགས་དེ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་རེད།
ཨ་མི་རི་ཀའི་ནང་གཏན་སྡོད་བོད་མིའི་སྒྲིག་འཛུགས་ཁག་གིས་ཨ་རིའི་སྲིད་འཛིན་Obama མཆོག་ལ། རྒྱ་ནག་གི་སྲིད་འཛིན་དང་མཇལ་འཕྲད་གནང་བའི་སྐབས།  བོད་དོན་གླེང་གློང་གནང་སྐྱོང་ཡོང་བའི་འབོད་སྐུལ་གྱི་སྙན་ཞུ་ཞིག་ཕུལ་གནང་འདུག    ཨ་རིའི་སྲིད་འཛིན་ལ་ཕུལ་བའི་སྙན་ཞུ་དེའི་ནང་ཞུ་དོན་གསུམ་ཡོད་པ་ནི། དང་པོ་སྲིད་འཛིན་Xi Jinping ལ་བོད་དོན་སྐོར་གཞུང་འབྲེལ་དང་སྐུ་སྒེར་གཉིས་ཐོག་ནས་གླེང་གློང་དང་སྦྲགས་ཡོངས་ཁྱབ་གསལ་བསྒྲགས་གནང་དགོས་རྒྱུ། གཉིས་པ་བོད་མིའི་ས་ཁུལ་ཁག་ནས་དྲག་པོའི་དཔུང་དམག་ཕྱིར་འཐེན་དགོས་རྒྱུའི་འབོད་སྐུལ་རྒྱ་ནག་གི་སྲིད་འཛིན་ལ་གནང་དགོས་རྒྱུ། གསུམ་པ་རྒྱ་གཞུང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་གྲོས་མོལ་བསྐྱར་གསོ་དགོས་པའི་སྐུལ་མ་གནང་རྒྱུ་བཅས་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎