བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ལྔ་པ་ཚོགས་བཞིན་འདུག

2023.11.08
བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ལྔ་པ་ཚོགས་བཞིན་འདུག བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ལྔ་པ་ཚོགས་བཞིན་པ། ༡༡།༠༨།༢༠༢༣
CTA

བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ལྔ་པ་དེ་བཞིན། སྤྱི་ཟླ་༡༡པའི་ཚེས་༨ནས་༡༠བར་ཉིན་གྲངས་གསུམ་རིང་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་བསྐོང་ཚོགས་གནང་བཞིན་ཡོད་པ་དང་། སྐབས་དེར་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་གསར་འགོད་པར་ཚོར། ད་རེས་ཚོགས་འདུའི་ཐོག་བོད་ནང་གི་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་གནང་གི་ཡོད་པ་མ་ཟད། རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་ལྡོག་ལ་དཔྱད་ཞིབ་གནང་གི་ཡོད་པ་གསུངས་བྱུང་།
གཞི་རྩའི་ཆ་ནས་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་དེ་སྔ་སྤྱི་ལོ་༡༩༩༨་ལོར་གསར་བཙུགས་གནང་ཡོད་པ་དང་། ཚོགས་ཆུང་དེའི་ངོ་བོའི་ཐོག་གི་མཐའ་མའི་ཚོགས་འདུ་དེ་བཞུགས་སྒར་རྡ་རམ་ས་ལར་༢༠༡༩་ལོར་ཉིན་གཉིས་ཀྱི་རིང་ཚོགས་ཤིང་། སྐབས་དེའི་ཚོགས་ཆུང་གི་ཚོགས་མི་༡༦་ཙམ་མཉམ་བཞུགས་གནང་ནས། རྒྱ་ནག་གི་གནས་ཚུལ་དང་། ཨ་མི་རི་ཀ་དང་རྒྱ་ནག་བར་གྱི་འབྲེལ་ལམ། རྒྱལ་སྤྱིའི་སྟེང་རྒྱ་ནག་དང་བོད་ཀྱི་གནས་ཚུལ་སོགས་ཀྱི་ཐོག་དགོངས་པ་བཞེས་ཕྱོགས་ཀྱི་སྐོར་བཀའ་བསྡུར་གནང་ཡོད་པ་རེད།

16th Kashag Convenes 5th Permanent Strategy Committee Meeting (2).jpg
ད་ལྟའི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་འདི་ནི། དེ་སྔོན་གྱི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་བཀའ་ཤག་སྐབས་༡༦་པས་ཁུ་བསྡུ་གནང་སྟེ་གསར་བཙུགས་གནང་བ་ཞིག་ཡིན་པ་དང་། ཚོགས་འདུ་ཐེངས་དང་པོ་དེ་བཞིན་༢༠༢༡ལོའི་སྤྱི་ཟླ་༡༡ ནང་ཚོགས་ཡོད་ཅིང་། ད་རེས་ཚོགས་འདུ་ཐེངས་ལྔ་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དབུས་པའི་ཚོགས་ཆུང་གི་ཚོགས་མི་བདེ་སྲུང་བཀའ་བློན་དང་དྲུང་ཆེ། ཕྱི་དྲིལ་བཀའ་བློན་དང་ཕྱི་དྲིལ་དྲུང་ཆེ། བཀའ་ཤག་གི་ཆབ་སྲིད་དྲུང་ཆེ། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་བཅས་ཀྱི་ཐོག ཚོགས་ཆུང་གི་སློབ་སྟོན་པ་བཀའ་ཟུར་བསྟན་པ་ཚེ་རིང་ལགས་དང་། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས། དེ་བཞིན་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་བཅས་མཉམ་ཞུགས་གནང་འདུག་ལ། སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་ཆེད་ཕེབས་གནང་འདུག


སར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎