ལྷ་སའི་ནང་གི་དཔོན་རིགས་ཉི་ཤུ་ཡས་མས་ལ་ཉེས་ཆད་ཕོག་པ།


2015.06.17
ལྷ་སའི་པོ་ཏཱ་ལའི་མདུན་ཐང་དང་རྒྱ་ནག་གི་ཉེན་རྟོག་པ། ལྷ་སའི་པོ་ཏཱ་ལའི་མདུན་ཐང་དང་རྒྱ་ནག་གི་ཉེན་རྟོག་པ།
པར་ཚགས།

རུལ་སུངས་ལ་རྒོལ་རྡུང་གཏོང་བཞིན་པ་དང་བསྟུན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གི་དཔོན་རིགས་ཉི་ཤུ་ཡས་མས་ལ་ཉེས་ཆད་ཕོག་འདུག   
དེ་ཡང་བོད་རང་སྐྱོང་ལྗོངས་ཁྲིམས་ཞིབ་ཞིབ་བཤེར་དྲ་བའི་ཐོག་གནས་ཚུལ་བཀོད་གསལ་ལྟར་ན། ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་ལག་རྩལ་གསར་འབྱེད་ཁུལ་གྱི་དོ་དམ་འཆར་འགོད་འཛུགས་བསྐྲུན་ལས་ཁང་གི་འགོ་འཛིན་ཟུར་པ་ཡུས་ཞིའུ་ཁྲུན་གྱིས་ཁྲིམས་འགལ་བྱ་ངན་སྤེལ་བའི་རྐྱེན་གྱིས་རྒྱ་ནག་གུང་ཁྲན་ཏང་ནས་ཕྱིར་འབུད་བཏང་པ་དང་། སྲིད་འཛིན་ཞེ་ཅིན་ཕེན་གྱིས་རྒྱ་ནག་ནང་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་བཞིན་པ་དང་བསྟུན་ནས་ད་ལོ་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་མིའི་དཔོན་རིགས་ཉི་ཤུ་ཡས་མས་ལ་ཉེས་ཆད་ཕོག་འདུག ཡུས་ཞིའུ་ཁྲུན་ནི་ཕྱི་ལོ་༢༠༠༡་ལོའི་ཕྱི་ཟླ་༧་བར་བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་འབྱེད་ཁུལ་གྱི་དོ་དམ་འཆར་འགོད་འཛུགས་བསྐྲུན་ལས་ཁང་གི་སོགས་ཀྱི་འགན་ཁུར་མྱོང་ཡོད་པ་དང་། ཕྱི་ལོ་༢༠༡༤་ལོའི་ཕྱི་ཟླ་༡༡་པའི་ནང་སྒྲིག་ཁྲིམས་ལས་ཚབས་ཆེ་འགལ་བའི་དོགས་གཞི་བྱུང་ནས་རྟོག་ཞིབ་བྱས་སྐབས། ཡུས་ཞིའུ་ཁྲུན་གྱིས་ལས་འགན་འཁུར་སྐབས་གོ་གནས་ཀྱི་དམིགས་བསལ་དབང་ཆར་བརྟེན་ནས་མི་གཞན་གྱི་རྒྱུ་ནོར་ཧམ་ལེན་དང་། ལྐོག་རྔན་ལེན་པ། གཞུང་དངུལ་སྒེར་སྤྱོད་བྱས་པའི་ནག་ཉེས་བཙུགས་ནས་ཁོ་པ་གུང་བྲན་ཏང་ནས་གནས་དབྱུངས་བཏང་བ་དང་། ཉེས་དོན་བསགས་པའི་གནད་དོན་དང་འབྲེལ་ཡོད་ཁྲིམས་འཛིན་སྡེ་ཁག་ལ་སྤྲད་དེ་ཁྲིམས་ལྟར་ཐག་གཅོད་རྒྱུ་ཡིན་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎