ཆབ་སྲིད་བཙོན་ཟུར་པདྨ་དབང་ཆེན་ལགས་འདས་གྲོངས་སུ་ཕྱིན་འདུག


2019.04.26
ཆབ་སྲིད་བཙོན་ཟུར་པདྨ་དབང་ཆེན་ལགས། ༼ཟླ་ཚེས་མི་གསལ ཆབ་སྲིད་བཙོན་ཟུར་པདྨ་དབང་ཆེན་ལགས། ༼ཟླ་ཚེས་མི་གསལ
མཐུན་འགྱུར་པར་རིས།

ཆབ་སྲིད་བཙོན་ཟུར་པདྨ་དབང་ཆེན་ལགས་ཁམས་དཀར་མཛེས་སུ་འདས་གྲོངས་སུ་ཕྱིན་འདུག
དེ་ཡང་ཁམས་དཀར་མཛེས་རྫོང་ཁོངས་ཀྱི་འོག་བཟང་གྲོང་པའི་ནང་གི་ཆབ་སྲིད་བཙོན་ཟུར་པདྨ་དབང་ཆེན་ལགས་ནད་གཞི་དྲག་པོས་མནར་བའི་རྐྱེན་གྱིས་ཁྲིན་ཏུའུ་གྲོང་ཁྱེར་གྱི་སན་ལུ་སན་ཞེས་པའི་སྨན་ཁང་ཞིག་ནང་སྨན་པར་བསྟེན་གཏུགས་བྱས་ཀྱང་དྲག་བསྐྱེད་མ་བྱུང་སྟབས་ཕྱི་ཟླ་ ༤ ཚེས་ ༢༦་ཉིན་འདས་གྲོངས་སུ་གྱུར་ཡོད་པ་བཙན་བྱོལ་ནང་ཡོད་པ་མིང་འདོན་གནང་འདོད་མེད་པ་ཞིག་གིས་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་བརྗོད་ཡོད་པ་རེད།
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། པདྨ་དབང་ཆེན་ལགས་ཀྱི་ནད་གཞི་གཙོ་བོ་ནི་སྒལ་པར་ན་ཟུག་རྒྱབ་པ་དང་། གཟུགས་པོའི་ནང་ཆུ་གསག་ཏེ་ལུས་པོ་ཡོངས་རྫོགས་སྐྲངས་ཏེ་ལྷམ་གྱོན་མ་ཐུབ་སོགས་ཡིན་འདུག་ཅིང་།  མིང་འབོད་གནང་འདོད་མེད་པའི་གནས་ཚུལ་མཁོ་སྤྲོད་པ་དེས། ན་ཚ་དེ་དག་གི་རྐྱེན་གཙོ་བོ་དེ་ནི་ཕྱི་ལོ་༢༠༡༦་ལོའི་བོད་ཟླ་༡་པོའི་ཚེས་༡་ཉིན་དཀར་མཛེས་ཁུལ་འོག་བཟང་གྲོང་ཚོའི་ནང་དུ་པདྨ་་དབང་ཆེན་ལགས་ཀྱིས་བོད་ཀྱི་རྒྱལ་གླུ་བཏང་པ་ལ་བརྟེན་ནས་ཁོང་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙོན་འཇུག་གི་གཅར་རྡུང་ཚབས་ཆེ་བཏང་ཏེ་ཟླ་བ་གཅིག་དང་ཉི་མ་བཅུ་གྲངས་ཞིག་བཙོན་འཇུག་བྱས་རྗེས་བྱུང་ཡོད་པ་འགྲེལ་བརྗོད་གནང་ཞིང་།  པདྨ་དབང་ཆེན་ལགས་བཙོན་ཁང་ནང་ནད་མནར་བྱུང་རྗེས་གློད་གྲོལ་བཏང་ཡོད་ན་ཡང་། ཕྱི་ལོ་༢༠༡༧་ལོར་རྒྱ་ནག་གི་སྨན་ཁང་ཁག་ནང་ཁོང་གི་ནད་གཞིའི་ཐོག་བསྟེན་གཏུགས་རིམ་པ་བྱས་འདུག་ཀྱང་། ནད་ངོ་འཕྲོད་ཐུབ་མེད་པ་རེད་འདུག
པདྨ་དབང་ཆེན་ལགས་དགུང་ལོ་༣༠་ཡིན་པ་དང་། ༢༠༠༢་ལོར་རྒྱ་གར་དུ་ཡོངས་ནས་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭའི་ནང་ལོ་གཅིག་གཉིས་ཙམ་རིང་སློབ་སྦྱོང་གནང་རྗེས་བོད་ལ་ལོག་ཡོད་འདུག  ཁོང་དང་ཕ་མ་གཅིག་པའི་སྤུན་མཆེད་དཀར་མཛེས་དགོན་པའི་དགེ་འདུན་པ་དཔལ་ལྡན་འཕྲིན་ལས་ལགས་ཀྱང་ཕྱི་ལོ་༢༠༠༨་ལོར་དཀར་མཛེས་ཁུལ་དུ་ཞི་རྒོལ་གྱི་སྐབས་མཉམ་བཞུགས་གནང་བར་བརྟེན་ནས་ཁོང་ཡང་རྒྱ་ནག་གཞུང་གི་འཛིན་བཟུང་གིས་ལོ་བཞི་བཙོན་འཇུག་བྱས་པའི་རྗེས་གློད་གྲོལ་བཏང་ཡོད་ན་ཡང་། རྒྱ་ནག་གཞུང་གིས་ཁོང་དཀར་མཛེས་དགོན་པར་བསྡད་མ་བཅུག་པར་བརྟེན་ཡ་ཆེན་དགོན་པར་བཞུགས་ཡོད་པ་གོང་གི་གནས་ཚུལ་མཁོ་སྤྲོད་པ་དེས་ངོ་སྤྲོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎