བོད་དོན་གོམ་བགྲོད་གནང་འཆར་འདུག

རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པས་འདས་པའི་ལོ་ངོ་མང་པོའི་གོང་ནས་བོད་རང་བཙན་གྱི་ལས་འགུལ་སྤེལ་གྱི་ཡོད་པ་ལྟར། ལོ་འདིའི་གོམ་བགྲོད་ཀྱི་ལས་འགུལ་ཕྱི་ཟླ་གསུམ་པའི་ནང་། ཨ་རིའི་ཀ་ལི་ཕོར་ནི་ཡ་ཁུལ་དུ་གནང་འཆར་འདུག

2013.01.17

༄༅།    །དེ་ཡང་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པས་རིང་མིན་སྤེལ་རྒྱུའི་ལས་འགུལ་དེ་ ཨ་རིའི་ཀ་ལི་ཕོར་ནི་ཡའི་མངའ་སྡེའི་ཨོཀ་ལེན་དྲ་གྲོང་ཁྱེར་ནས་འགོ་བཙུགས་ཏེ། སན་ཕ་རན་སི་ཀོའི་བར་མེལ་ལེ་བརྒྱ་དང་བརྒྱད་ཙམ་ཉིན་གྲངས་བརྒྱད་རིང་གོམ་བགྲོད་གནང་རྒྱུ་ཡིན་འདུག ཐེངས་འདིའི་གོམ་བགྲོད་ཀྱི་འབོད་སྒྲ་ནི། ཉེ་ལམ་བོད་ནང་གཞིས་ལུས་བོད་རིགས་སྤུན་ཟླ་མང་པོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པའི་འབོད་སྒྲ་བསྒྲགས་ཤིང་།    གཅེས་པའི་སྲོག་ཚུན་ཆད་ཀྱང་གཅིག་མཇུག་གཉིས་མཐུད་ཀྱིས་མེར་བསྲེགས་གནང་བའི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་དང་། ལྷག་པར་དུ་ཁོང་རྣམ་པའི་ཞལ་ཆེམས་དང་དགོས་འདུན་ཇི་ཡོད་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བསྐྱེལ་ཐུབ་ཐབས།    ཨ་རིའི་མི་མང་རྣམས་ལ་བོད་ནང་གི་དངོས་ཡོད་གནས་སྟངས་གོ་རྟོགས་སྤེལ་ཐབས་བཅས་སུ་དམིགས་ནས་ལས་འགུལ་སྤེལ་རྒྱུ་ཡིན་ལུགས་ཚོགས་པའི་སྤྱི་བསྒྲགས་སྤེལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎