རྒྱ་ནག་གཞུང་གིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཁྲིམས་གཞི་ཟེར་བ་གཏན་འབེབས།

2023.10.25
རྒྱ་ནག་གཞུང་གིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཁྲིམས་གཞི་ཟེར་བ་གཏན་འབེབས། པར་ཚགས།
ཨེ་པི།

ཕྱི་ཟླ་༡༠ཚེས་༢༤ཉིན། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པའི་ཐོག རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཁྲིམས་གཞི་ཞིག་གཏན་འབེབས་བྱས་ཡོད་ལུགས་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང་ལོ་རྒྱུས་ཀྱི་ངོས་ལེན་མེད་པ་དང་རྒྱལ་ཁབ་ཀྱི་ཆིག་བསྒྲིལ་ལྟ་བ་ལ་ཁ་གཏད་འགྲན་རྩོད་བྱེད་མཁན་ལ་གདོང་ལེན་བྱེད་ཆེད་ཡིན་པ་བཤད་འདུག།

གསར་དུ་གཏན་འབེབས་བྱས་པའི་ཁྲིམས་འདི་རྒྱ་ནག་ཁྱོན་ཡོངས་སུ་ཁྱབ་ཀྱི་ཡོད་པ་དང་།  ཁྲིམས་དེའི་ནང་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། རྒྱལ་ཁབ་བདེ་འཇགས།  མི་རིགས་ཀྱི་སྙིང་སྟོབས་ཆེར་སྐྱེད།  ཞེས་པའི་བརྗོད་གཞི་དེ་ཚོ་བོད་ནང་དངོས་སུ་ལག་བསྟར་བྱེད་སྐབས་བོད་མི་རིགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པ་དང་ཁྲིམས་གཞི་དེ་ཚོར་ཚད་གཞི་མེད་པ་དང་མཐའ་མེད་པ་ཞིག་ཡིན་སྟབས་མ་འོངས་བོད་ནང་གི་བོད་མིར་དཀའ་ངལ་ཆེན་པོ་ཞིག་འཕྲད་རྒྱུ་ཡིན་པ་ནི་གསལ་པོ་རེད་ཅེས་སི་པན་ནང་བཅའ་བཞུགས་གནང་མཁན་བོད་དང་རྒྱ་ནག་གི་གནད་དོན་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས་གསུངས་གནང་གི་འདུག

གསར་དུ་གཏན་འབེབས་བྱས་པའི་ཁྲིམས་གཞི་དེ་བཞིན་ཕྱི་ལོ་༢༠༢༤ཟླ་༡ཚེས་༡ཉིན་ནས་དངོས་སུ་ལག་ལེན་བྱ་རྒྱུ་ཡིན་འདུག་ལ། ཁྲིམས་གཞི་དེ་ཐོག་ནས་སྤྱི་དམངས་ཡོངས་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་རྒྱུ་གཏན་འབེབས་བྱས་པ་དང་ཆབས་ཅིག་དབུས་དང་ས་གནས་གཞུང་། དེ་བཞིན་ སློབ་གྲྭ་དང་ཁྱིམ་ཚང་གིས་གཞོན་ནུ་ལོ་ཆུང་དང་བྱིས་པ་ཚོར་སློབ་གསོ་རྒྱག་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་པའི་ཁྲིམས་གཞི་གཏན་འབེབས་བྱས་པ་དེ་ནི་རྒྱ་ནག་དམར་ཤོག་ལ་རྒྱབ་སྐྱོར་ཐོབ་ཐབས་དང་། སྲིད་དབང་བརྟན་པོར་གནས་ཐབས་ཡིན་པ་གསལ་པོ་རེད་ཅེས་སངས་རྒྱས་སྐྱབས་ལགས་ཀྱིས་མུ་ མཐུད་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པའི་ཐོག་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཁྲིམས་གཞི་ཞིག་གཏན་འབེབས་བྱས་ཐོག གཞུང་ལས་མི་སྣ་དང་། ཁེ་ལས་དང་བྱ་གཞག་ཚན་པའི་ལས་བཟོ། གྲོང་ཚོའི་གྲོང་མི། ཧོང་ཀོང་དང་། ཨོ་མིན་ཙམ་མ་ཟད། ཐའེ་ཝན་ཡང་ཁྲིམས་གཞི་དེའི་ནང་དུ་ཚུད་ཡོད་པ་བཀོད་ ཡོད་འདུག།

གསར་འགོད་པ། ཚེ་དབང་དངོས་གྲུབ།

རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎