རྒྱ་ནག་གིས་དགེ་འདུན་པ་ཚོར་ཕྱི་བསྐྱོད་ལག་འཁྱེར་སྤྲོད་ཀྱི་མི་འདུག


2015.01.14
རྒྱ་ནག་གི་ཕྱིར་བསྐྱོད་ལག་འཁྱེར། རྒྱ་ནག་གི་ཕྱིར་བསྐྱོད་ལག་འཁྱེར།
དྲ་བཤུས།

རྒྱ་ནག་གིས་གསེར་རྟ་ཕྱོགས་སུ་ཕྱིར་བསྐྱོད་ལག་འཁྱེར་སྤྲོད་འགོ་ཚུགས་ཀྱང་དགེ་འདུན་པ་ཚོར་ཕྱི་བསྐྱོད་ལག་འཁྱེར་སྤྲོད་ཀྱི་མི་འདུག
དེ་ཡང་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་གནས་ཚུལ་བཏང་དོན། ཉེ་བའི་དུས་རིང་ལ་གསེར་རྟ་རྫོང་ཁོངས་སུ་བོད་མི་སྐྱ་བོ་ཚོར་ཕྱིར་བསྐྱོད་ལག་འཁྱེར་སྤྲོད་འགོ་ཚུགས་ནས་དུས་ཡུན་ཟླ་བ་གཅིག་ལྷག་ཕྱིན་ཡོད་པ་དང་། ཡིན་ཡང་ས་ཁུལ་དེ་གའི་དགེ་འདུན་པ་ཚོར་ཕྱིར་བསྐྱོད་ལག་འཁྱེར་མི་སྤྲོད་པའི་གནས་སྟངས་དེའི་ཐད་རྒྱ་ནག་གཞུང་གིས་རྒྱུ་མཚན་གསལ་བཏོན་གང་ཡང་བྱས་མེད་པ་རེད། ས་གནས་བོད་མི་ཞིག་གིས་བརྗོད་དོན། དེ་སྔོན་སྤྱི་ལོ་༢༠༠༨་ལོར་བོད་ནང་རྒྱ་ནག་གཞུང་ལ་ཞི་རྒོལ་ཆེན་པོ་བྱས་པ་ནས་བཟུང་བོད་ཀྱི་ས་ཁུལ་མང་པོའི་ནང་དམ་བསྒྲགས་ཤུགས་ཆེ་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པ་དང་། ལྷག་དོན་དུ་དགོན་སྡེ་དང་དགེ་འདུན་པའི་ཐོག་དེ་བས་དམ་བསྒྲགས་ཤུགས་ཆེ་ལག་བསྟར་བྱེད་ཀྱི་ཡོད་པའི་སྐོར་དང་། དེ་བཞིན་གསེར་རྟའི་ཁུལ་དུ་མི་མང་གིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཏེ་བོད་མི་འགའ་རེས་རང་གི་གཅེས་པའི་སྲོག་ཀྱང་རང་བསྲེགས་བཏང་བའི་གནས་ཚུལ་དེ་འདྲ་བྱུང་བའི་སྐབས་རྒྱ་ནག་གཞུང་གིས་དམག་དཔུང་ཁྱོན་ཆེ་ཆེད་རྫོངས་བྱས་ཏེ་དགོན་སྡེ་དང་མི་མང་སྡོད་ཁུལ་བཅས་སུ་དྲག་པོའི་དམ་བསྒྲགས་ཤུགས་ཆེ་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག
ལྷག་དོན་དུ་དགེ་འདུན་པ་ཞིག་ཡིན་ཕྱིན་སྐྱ་བོ་ལས་ཀྱང་དོགས་གཞི་དམ་བསྒྲགས་ཤུགས་ཆེ་བ་བྱེད་ཀྱི་ཡོད་པ་དང་། དེ་སྔོན་འགའ་ཤས་ལ་ཕྱིར་བསྐྱོད་ལག་འཁྱེར་སྤྲད་ཟིན་པ་དེ་ཚོའང་ཕྱིར་བསྡུ་བྱས་པ་སོགས་དགེ་འདུན་པར་ཕྱིར་བསྐྱོད་ལག་འཁྱེར་མི་སྤྲོད་པའི་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད་འདུག

གསར་འགོད་པ་ཕྲེང་རིང་བསྟན་ནོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎