དམིགས་བསལ་ཚོགས་ཆེན་སྐོར་བསམ་ཚུལ་ཁ་ཤས་བཏོན་པ།
2008.11.22
༄༅༎ཨ་རིའི་ནང་བཞུགས་མཁན་བོད་རིགས་རྩོམ་པ་པོ་དང་ཡུན་རིང་བོད་རང་བཙན་གཙང་མར་ཐབས་རྩོད་གནང་མཁན་འཇམ་དབྱངས་ནོར་བུ་ལགས་ཀྱིས་ད་ཐེངས་ཀྱི་བཞུགས་སྒར་རྡ་རམ་ས་ལར་བསྐོངས་ཚོགས་གནང་བའི་བོད་མིའི་དམིགས་བསལ་ཚོགས་འདུ་དེས་བོད་མི་རྣམས་པར་རང་རང་སོ་སོའི་དགོངས་ཚུལ་གསུང་རྒྱུའི་གོ་སྐབས་ཤིག་དང་བཙན་བྱོལ་བོད་གཞུང་གི་མཛད་བྱུས་ལ་བསྐྱར་ཞིབ་གནང་རྒྱུའི་གོ་སྐབས་ཤིག་ཀྱང་ཐོབ་པར་སེམས་ཤུགས་འཕར་གཞི་ཞིག་བྱུང་སྐོར་གསུངས་འདུག
ཡང་ཁོང་གིས་ད་ཐེངས་ཀྱི་ཚོགས་འདུ་དེས་གལ་སྲིད་ལམ་དབུ་མའི་མཛད་བྱུས་དེར་དུས་བཀག་ཅིག་ནང་ཚུད་ལམ་ལྷོང་མ་བྱུང་བ་ཡིན་ན་རང་བཙན་གྱི་ཐབས་ལམ་ལ་བསྐྱར་ཞིབ་དང་དེ་སླར་གསོ་གནང་རྒྱུའི་འགྲིག་པའི་གོམ་སྟབས་དང་པོ་དེ་ཆགས་ཡོད་སྐོར་གསུངས་འདུག ཡང་བཀའ་བློན་ཟུར་པ་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་མ་འོངས་པར་དལྟའི་ལམ་དབུ་མའི་མཛད་བྱུས་དེར་བསྐྱར་ཞིབ་གནང་རྒྱུར་ང་ཚོས་རྒྱ་ཕྱོགས་ཀྱི་ཚོར་སྣང་ལན་འཆར་ལ་ཞིབ་འཇུག་དང་དེར་གྲོས་བསྡུར་ཞིབ་ནན་གནང་དགོས་སྐོར་གསུངས་འདུག ཡང་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པད་མ་ལགས་ཀྱིས་ད་ཐེངས་ཀྱི་དམིགས་བསལ་ཚོགས་འདུ་དེས་བོད་ཀྱི་མ་འོངས་པའི་མངོན་འདོད་སྐོར་གྲོས་བསྡུར་གནང་རྒྱུའི་གླེང་སྟེགས་གལ་ཆེ་ཞིག་ལ་གྱུར་ཡོད་སྐོར་གསུངས་འདུག རེས་གཟའ་ཉི་མ་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་ཕེབས་འཐུས་མི་རྣམས་པར་བཀའ་སློབ་བཀྲིན་ཆེ་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག