Paraguay ནི་ལྷོ་ཨ་མེ་རི་ཀའི་གླིང་ཕྲན་ནང་ཐེ་ཝན་གྱི་མཐུན་ཕྱོགས་རྒྱལ་ཁབ་གཅིག་པུ་དེ་ཡིན་འདུག

2023.08.16
Paraguay ནི་ལྷོ་ཨ་མེ་རི་ཀའི་གླིང་ཕྲན་ནང་ཐེ་ཝན་གྱི་མཐུན་ཕྱོགས་རྒྱལ་ཁབ་གཅིག་པུ་དེ་ཡིན་འདུག ལྷོ་ཨ་མེ་རི་ཀའི་གླིང་ཕྲན་ནང་གི་རྒྱལ་ཁབ་ Paraguay སྲིད་འཛིན་གསར་པ་ Santiago Pena མཆོག
ཨེ་ཨེཕ་པི།

ལྷོ་ཨ་རིའི་གླིང་ཕྲན་ Paraguay སྲིད་འཛིན་གསར་པ་ Santiago Pena མཆོག་གིས་རེས་གཟའ་མིག་དམར་ཉིན་ཡུལ་དེའི་རྒྱལ་ས་Asuncion དུ་ཡོད་པའི་རྒྱལ་ཁང་གི་ཕྱི་ཕྱོགས་སུ་སྲིད་འཛིན་གསར་པའི་ལས་འཁུར་དམ་འབུལ་མཛད་སྒོ་གནང་ཡོད་པ་དང་།  དེའི་ཐོག་ཡུལ་དེའི་མངའ་ཁུལ་ཁག་གི་དབུ་ཁྲིད་མང་པོ་ཆེད་ཕེབས་གནང་ཡོད་པ་མ་ཟད། ཐེ་ཝན་གྱི་སྲིད་འཛིན་གཞོན་པ་ William Lai ཡང་ཆེད་ཕེབས་གནང་ཡོད་ཅིང་།  Paraguay ནི་ད་ཆ་ལྷོ་ཨ་མེ་རི་ཀའི་གླིང་ཕྲན་ནང་ཐེ་ཝན་གྱི་མཐུན་ཕྱོགས་རྒྱལ་ཁབ་གཅིག་པུ་དེ་ཡིན་འདུག   

སྲིད་འཛིན་ Santiago Pena མཆོག་གིས་དམ་འབུལ་མཛད་སྒོའི་སར་ Paraguay ཡུལ་གྱིས་འཛམ་གླིང་ནང་ཐབས་ཇུས་ཀྱི་ཐོག་ནས་མཉམ་ལས་ཀྱི་འབྲེལ་བ་རྒྱ་བསྐྱེད་གཏོང་རྒྱུ་དང་དེ་འབྲེལ་གྱི་གྲོས་མཐུན་ཡོང་ཐབས་སུ་འབད་བརྩོན་གནང་རྒྱུ་ཡིན་པ་གསུངས་པ་དང་།  Paraguay རྒྱལ་ཁབ་ཀྱིས་ཐེ་ཝན་དང་འབྲེལ་ལམ་བྱེད་བཞིན་པ་འདི་ནི་དཔེ་མཚོན་ཞིག་ཡིན་པ་དང་།  ཐེ་ཝན་ནི་  Paraguay ཡུལ་གྱི་མཛའ་འབྲེལ་ལྡན་པའི་རྒྱལ་ཁབ་གཅིག་ཡིན་པ་མ་ཟད། ཐེ་ཝན་ལ་བརྩེ་བ་གཏིང་གཟབ་ཡོད་སྟབས། ཐེ་ཝན་ནི་ཡུལ་དེའི་མཐུན་ཕྱོགས་རྒྱལ་ཁབ་ཡིན་པ་མ་ཟད། བུ་སྤུན་གྱི་འདུ་ཤེས་བཅང་བཞིན་ཡོད་ལུགས་ཀྱང་གསུངས་འདུག

ཐེ་ཝན་གྱི་སྲིད་འཛིན་གཞོན་པ་William Lai མཆོག་རེས་གཟའ་སྤེན་པའི་ཉིན་Paraguay རྒྱལ་ཁབ་ཏུ་ཕེབས་ཐོན་མ་གནང་གོང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐེ་ཝན་འདི་བཞིན་རྒྱལ་ཁབ་གཅིག་ཏུ་ངོས་འཛིན་ཐོབ་རྒྱུ་དང་།  རང་དབང་མང་གཙོའི་ལམ་ལུགས་ལྡན་པ།  འགྲོ་བ་མིའི་ཐོབ་ཐང་ཡོད་པ། རྒྱལ་སྤྱིའི་གནད་དོན་ཁག་གི་ཐད་ཧུར་སྐྱེད་ངང་མཉམ་ཞུགས་བྱེད་མཁན་ཡིན་པ་མཚོན་ཐབས་ཆེད་ཕེབས་པ་ཡིན་པ་གསུངས་འདུག

000_33RB2FJ.jpg

སྲིད་འཛིན་གཞོན་པ་ William Lai མཆོག་ Paraguay ཡུལ་དུ་ཕེབས་ཞྭོར་ལ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཕེབས་པ་དང་ཡང་ཁོང་ཐེ་ཝན་ལ་ཕྱིར་ལོག་གནང་སྐབས། ཨ་རིའི་ནུབ་ཕྱོགས་གྲོང་ཁྱེར་San Francisco རུ་ཕེབས་འཆར་འདུག

དགུང་གྲངས་༤༤ཕེབས་པའི་Paraguay སྲིད་འཛིན་Pena མཆོག་འདི་ལོའི་ཕྱི་ཟླ་ ༧ ནང་ཐེ་ཝན་ལ་འཚམས་གཟིགས་ཕེབས་སྐབས། ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚ་ཡེ་དབྱིངས་ཝན་མཆོག་ལ་ཁོང་ཡུལ་དེའི་སྲིད་འཛིན་གནང་བའི་ལོ་ལྔ་རིང་གི་ལས་དུས་སུ་ཐེ་ཝན་ལ་རྒྱབ་སྐྱོར་ཞུ་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད།

གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།

རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།

དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས། བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎