རྒྱ་ནག་གི་ཞི་བདེའི་གཟེངས་རྟགས།

རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པན་ཆེན་རྒྱལ་མཚན་ནོར་བུ་རྒྱ་ནག་གི་ཞི་བདེ་གཟེངས་རྟགས་ཟེར་བའི་འགྲན་བསྡུར་ནང་ཡོད་པ།

2011.09.17

༄༅༎རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པན་ཆེན་རྒྱལ་མཚན་ནོར་བུ་དང་ར་ཤི་ཡའི་སྲིད་བློན་ལྦ་ལ་རྡི་མིར་པུ་ཀྲིན་གཉིས་བར་ལམ་རྒྱ་ནག་གཞུང་གིས་གསར་དུ་བརྩམས་པའི་རྒྱ་ནག་གི་ཞི་བདེ་གཟེངས་རྟགས་ཟེར་བའི་འགྲན་བསྡུར་ནང་ཞུགས་ཡོད་པ་རེད།
རྒྱ་ནག་གཞུང་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་ལ་ཁ་གཏད་པའི་རྒྱ་ནག་གི་ཞི་བདེའི་གཟེངས་རྟགས་ཟེར་བ་གསར་དུ་བཟོས་ཡོད་པ་དང༌། དེ་རིང་རེས་གཟའ་སྤེན་པའི་ཉིན་གཟེངས་རྟགས་དེའི་གོི་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ ལིའུ་ཧའོ་ཕ་ཧེང ཟེར་བས། འདི་ལོའི་རྒྱ་ནག་གི་ཞི་བདེའི་བྱ་དགའ་ཡི་འོས་མིའི་གྲས་སུ། བོད་ཀྱི་བླ་ཆེན་ཨང་གཉིས་པ་ཡིན་པ་པེན་ཆེན་རྒྱལ་མཚན་ནོར་བུ་ཡོད་པའི་གསལ་བསྒྲགས་བྱས་ཡོད་ཅིང༌། པན་ཆེན་རྒྱལ་མཚན་ནོར་བུ་ནི། རྒྱ་ནག་ནང་འཆམ་མཐུན་གོང་མཐོར་གཏོང་བའི་ལས་དོན་ལ་རྒྱ་ནག་གི་སྒྱུ་རྕལ་བ་དང༌། ཤེས་ལྡན་པ། སྲིད་དོན་ལ་དོ་སྣང་ཅན་ཚོས་འོས་མིར་འདེམས་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།
དེ་བཞིན་དུ་གཟེངས་རྟགས་དེའི་འོས་མི་གྲས་སུ་ར་ཤི་ཡའི་སྲིད་བློན་ལྦ་ལ་རྡི་མིར་པུ་ཀྲིན་དང༌། འཇར་མ་ནིའི་སྲིད་བློན་ལྕམ་ཨེན་གེ་ལ་མར་ཀེལ། ལྷོ་ཨ་ཕེ་རི་ཀའི་སྲིད་འཛིན་ཇེ་ཁོབ་ཛུ་མ། རྒྱ་ནག་གི་སོ་ནམ་ཚན་རིག་པ་བཅས་ཡོད་ཅིང༌། འཇར་མ་ནིའི་སྲིད་བློན་ལྕམ་ཨེན་གེ་ལ་མར་ཀེལ་མཆོག་འོས་མིའི་གྲས་སུ་འདེམས་དགོས་དོན་ནི། ཁོང་གིས་རྒྱལ་ཁབ་ནང་ཞི་བདེ་སྐྲུན་ཐབས་ཀྱི་ཕྱག་ལས་ཀྱིས་ཡོ་རོབ་རྒྱལ་ཁབ་ནང་ལེགས་སྐྱེས་ཕུལ་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད། འོན་ཀྱང་རྒྱ་ནག་གི་ཞི་བདེའི་གཟེངས་རྟགས་ཟེར་བ་དེ་ནི། རྒྱ་ནག་གི་བཙོན་དུ་ཡོད་པའི་དམངས་གཙོ་དོན་གཉེར་ཅན་སྐུ་ཞབས་ལིའུ་ཤའོ་ཕུའུ་ལ་ན་ནིང་འཛམ་གླིང་ནང་གི་མཚན་སྙན་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་རྒྱུའི་མཛད་སྒོ་ཚོགས་པར་ཉིན་གཉིས་ལས་མེད་པའི་སྐབས་དེར། རྒྱ་ནག་གཞུང་གིས་ཁ་གཏད་བཅོག་རྒྱུའི་སྲིད་ཇུས་འོག་གཟེངས་རྟགས་དེ་གསར་དུ་བཟོས་པ་ཞིག་ཡིན་ཞིང༌། ན་ནིང་རྒྱ་ནག་གི་གཟེངས་རྟགས་དེ་ནི་དེ་སྔའི་ཐེ་དབན་གྱི་སྲིད་འཛིན་གཞོན་པ་་ ལེན་ཁྲེན་ལ་སྤྲད་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎