པ་ལི་སི་ཏན་གྱིས་མཉམ་འབྲེལ་རྒྱལ་ཚོཌ་ཚོཌ་མིར་ཞུགས་འདོད།
2011.08.04
༄༅༎པལེ་སི་ཏན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཚུད་ཐབས་ཆེད་རྒྱལ་ཚོགས་ལ་སྙན་ཞུ་འབུལ་རྒྱུ་དང་ དེ་བཞིན་ཨ་རབ་མཐུན་ཚོགས་ནས་ཀྱང་སྙན་ཞུ་དེར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པའི་གནས་ཚུལ་ཐོན་བཞག། པལེ་སི་ཏན་ཀྱི་ངོས་ནས་ཨི་སི་རལ་དང་ལྷན་དུ་ཞི་འགྲིག་གནང་མཁན་གཙོ་འཛིན་ཨེ་ར་ཀེཏ་ཞུ་བས་ པལེ་སི་ཏན་ཀྱི་སྐུ་ཚབ་ནིའུ་ཡོག་ནང་ཕྱིན་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་ པལེ་སི་ཏན་ལ་ཕྱི་ལོ་༡༩༦༧གྱི་ས་མཚམས་གཞིར་བཟུང་རང་བཙན་དགོས་པ་དང་ཇེ་རུ་ཛ་ལེམ་དེ་པལེ་སི་ཀྲིན་གྱི་རྒྱལ་ས་བཟོ་རྒྱུར་རྒྱབ་སྐྱོར་ཡོང་བའི་སྙན་ཞུ་འབུལ་རྒྱུའི་གྲ་སྒྲིག་ཡིན་ཞེས་གསུང་བཞག།
ཨི་སི་རལ་གྱིས་གལ་སྲིད་པལེ་སི་ཏན་གྱི་ངོས་ནས་ མཉམ་འབྲེལ་རྒྱལ་ཚོགས་ལ་སྙན་ཞུ་འབུལ་རྒྱུ་དེ་ཕྱིར་འཐེན་གནང་བ་ཡིན་ན་ ཕྱི་ལོ་༡༩༦༧གྱི་ས་མཚམས་གཞི་ལ་བཞག་པའི་ཐོག་ནས་ ཡུལ་གྲུ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་ཞི་བའི་གྲོས་མོལ་གནང་འདོད་ཡོད་ལུགས་གསུང་བཞག ཨི་སི་རལ་དང་ པལེ་སི་ཏན་གྱི་ཞི་བའི་གྲོས་མོལ་དེ་བཞིན་སྔ་ལོའི་ཕྱི་ཟླ་༩ནས་བཟུང་བར་མཚམས་བཞག་ནས་ ད་བར་དེ་མུར་ལུས་ཡོད་པ་རེད། པལེ་སི་ཏན་ལ་རྒྱབ་སྐྱོར་ཞུ་མཁན་ ཨ་རབ་རྒྱལ་ཁབ་མཐུན་ཚོགས་ཀྱི་ཚོགས་ཆུང་ནང་སའོ་རྡི་ཨ་རེ་སྦི་ཡ་དང་ ཨི་ཇིབ་ཀྲི་ ཇོར་གྲན་ མོ་རོ་ཀོ་ ལེ་སྦི་ནེན་ ཀ་ཀྲར་བཅས་ཡོད་པ་དང་ཚོགས་ཆུང་དེའི་ཚོགས་གཙོ་ནི་ཀ་ཀྲར་ཡིན་པ་རེད།