ཏ་ལི་བན་གྱིས་འཇིགས་སྐུལ་དྲག་སྤྱོད་ཀྱི་གཏོར་རྒོལ།

པ་ཀི་སི་ཐན་གྱི་གྲོང་ཁྱེར་པེ་ཤ་ལྦར་ནང་ཡོད་པའི་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁང་གི་སྲུང་སྐྱོབ་རུ་ཁག་ཐོག་གཏོར་རྒོལ་བཏང་ཡོད་འདུག

2011.05.20

༄༅༎པ་ཀི་སི་ཐན་ནང་ཡོད་པའི་ཐ་ལ་བན་འཇིགས་སྐུལ་དྲག་སྤྱོད་ཤོག་ཁག་གིས་དེ་རིང་གཟའ་པ་སངས་ཉིན་པ་ཀི་སི་ཐན་གྱི་གྲོང་ཁྱེར་པེ་ཤ་ལྦར་ནང་ཡོད་པའི་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁང་གི་སྲུང་སྐྱོབ་རུ་ཁག་ཐོག་གཏོར་རྒོལ་བཏང་ཡོད་ལུགས་བརྗོད་འདུག དེ་ནི་ཨ་རིའི་དམིགས་བསལ་དམག་དཔུང་གིས་འཇིགས་སྐུལ་དྲག་སྤྱོད་པའི་བྱེད་གཏེ་བིན་ལའ་ཀྲན་དམར་བསད་བཏང་བའི་རྗེས་ ཁོ་པའི་རྗེས་འབྲངས་པས་ནུབ་ཕྱོགས་པར་གཏོར་རྒོལ་གྱི་དྲག་སྤྱོད་རིགས་སྤེལ་བ་ཐོག་མ་དེ་ཡིན་པ་རེད་ ཨ་རིའི་དོན་གཅོད་ལས་ཁང་དེའི་མགྲིན་ཚབ་པ་ཨེལ་སྦར་ཀྲོ་རོ་ཌོརོ་གེཛ་ཡིས་གསུང་ན་ སྦག་སྦག་བཞོན་ནས་རང་ལུས་ལ་འབར་རྫས་འཁྱེར་བ་ཞིག་གིས་འབར་རྫས་སྤར་ནས་་གཏོར་རྒོལ་གྱི་བྱ་སྤྱོད་སྤེལ་བའི་ནང་ཨ་རིའི་མི་སེར་གཅིག་ཀྱང་ཤི་རྨས་བྱུང་མེད་པ་དང་ པ་ཀི་སི་ཐན་གྱི་མི་གཅིག་རྐྱེན་འདས་སུ་ཕྱིན་པ་དང་ དེ་མིན་མི་གྲངས་བཅུ་ལ་རྨས་སྐྱོན་ཕོག་པ་གསུང་འདུག འབར་རྫས་གས་འཐོར་དེ་བཞིན་གྲོང་ཁྱེར་དེའི་ནང་གཞུང་ཚབ་མི་སྣ་གནས་སྡོད་བྱེད་སའི་ས་གནས་གཙོ་བོ་ཞིག་ཡིན་པ་དང་ ཨ་རིའི་དོན་གཅོད་ལས་ཁང་གི་སྲུང་སྐྱོབ་མོ་ཊ་གཉིས་ལ་འབར་རྫས་ཀྱི་གཏོར་རྒོལ་བཏང་ནས་མོ་ཊ་གཅིག་ལ་འབར་རྫས་ཀྱིས་གཏོར་རྒོལ་ཕོག་ཡོད་པ་དང་ ཞིབ་ཕྲའི་གནས་ཚུལ་བརྟག་དཔྱད་བྱེད་བཞིན་ཡིན་པ་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁང་གི་མགྲིན་ཚབས་པས་གསུང་འདུག ཨ་རིའི་དམིགས་བསལ་དམག་དཔུང་གིས་འཇིགས་སྐུལ་དྲག་སྤྱོད་པའི་བྱེད་གཏེ་བིན་ལའ་ཀྲན་དམར་བསད་བཏང་བའི་རྗེས་ཨེལ་ཁ་ཌ་དང་པ་ཀི་སི་ཐན་ནང་ཡོད་པའི་ཐ་ལ་བན་འཇིགས་སྐུལ་དྲག་སྤྱོད་ཤོག་ཁག་གིས་པ་ཀི་སི་ཐན་གཞུང་དང་ དེ་བཞིན་ནེ་ཀྲོ་(NATO)འམ་བྱང་ཨར་ལན་ཁྲེག་དམག་དོན་སྤྱི་ཆིངས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་ཡུལ་གྲུའི་གཞུང་འབྲེལ་མི་སྣའི་ཐོག་གཏོར་རྒོལ་གཏོང་རྒྱུ་ཡིན་ལུགས་འཇིགས་སྐུལ་དྲག་སྤྱོད་ཤོག་ཁག་དེའི་མགྲེན་ཚབ་པས་རོས་ཁྲར་གསར་འགྱུར་བརྒྱུད་ལམ་ལ་ ཁ་པར་ཐོག་ནས་་བཤད་ཡོད་པ་རེད་ 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎