པ་ཀི་སི་ཐན་གྱིས་ཨ་རི་དང་མཉམ་ལས་བྱས་ལུཌ

ཨ་རིའི་དཔོན་རིགས་ཤིག་གིས་པ་ཀི་སི་ཐན་གསང་བའི་ལས་ཁུངས་ཀྱིས་གསར་འགོད་པ་ཞིག་བསད་དགོས་པའི་བཀོད་ཁྱབ་བཏང་བ་ལུང་འདྲེན།

2011.07.08

༄༅༎ཨ་མི་རི་ཀའི་མཐོ་རིམ་དམག་དཔོན་ནས་པ་ཀི་སི་ཐན་ནང་གསར་འགོད་པ་དམར་གསོད་བཏང་བའི་དཔང་རྟགས་ཡོད་པའི་གནས་ཚུལ་གསུང་པའི་རྗེས། དེ་རིང་པ་ཀི་སི་ཐན་གཞུང་གིས། ཨ་མི་རི་ཀས་སྣེ་ཁྲིད་པའི་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པ་ཨེལ་ཁེ་ཌ་དམག་འཐབ་ཀྱི་ལས་དོན་ནང་པ་ཀི་སི་ཐན་གྱི་ཉེན་ཀར་མ་འཛེམས་པར་མཉམ་ལས་བྱས་ཡོད་པའི་སྐོར་གསུང་ཡོད་པ་རེད།

འདས་ཟིན་པའི་ཟླ་བ་གཉིས་ཀྱི་གོང་དེར་ཨ་མི་རི་ཀའི་དམིགས་བསལ་དམག་དཔུང་གིས་པ་ཀི་སི་ཐན་ས་ཐོག་ནས་ཨེལ་ཁེ་ཌ་འཇིགས་སྐུལ་རིང་ལུགས་པའི་འགོ་ཁྲིད་ཨོ་ས་མ་སྦིན་ལ་རྡིན་བསད་པ་དེ་ནི་ཨ་རིས་ཨེལ་ཁེ་ཌ་འཇིགས་སྐུལ་རིང་ལུགས་པའི་ཐོག་ཁ་གཏད་གདོང་ལེན་བྱེད་པའི་ལས་དོན་ནང་པ་ཀི་སི་ཐན་ཕྱོགས་ནས་མཉམ་ལས་བྱས་པ་དེ་ནི་ཉེ་འཆར་བྱུང་བའི་འབྲེལ་ལམ་ཞིག་ཡིན་ཞིང༌། འོན་ཀྱང་པ་ཀི་སི་ཐན་ མི་རིགས་ཡིན་པའི་གསར་འགོད་པ་སཱ་ལིམ་ཤེ་ཛའརྡ་ཡིས་པ་ཀི་སི་ཐན་གྱི་དམག་དོན་དང་ཨེལ་ཁེ་ཌ་འཇིགས་སྐུལ་རིང་ལུགས་པའི་འབྲེལ་བའི་སྐོར་གྱི་གནས་ཚུལ་རྩོམ་བྲིས་བྱས་པའི་རྗེས་ཁོང་གར་སོང་མེད་པ་གྱུར་ཡོད་པ་དང༌། དེ་རྗེས་ཕྱི་ཟླ་ལྔ་པའི་ཚེས་༣༡ཉིན་ཁོང་གི་ཕུང་པོ་པ་ཀི་སི་ཐན་གྱི་རྒྱལ་ས་ཨི་སི་ལ་མ་སྦརྡ་ནང་ནས་རྙེད་སོན་བྱུང་ཡོད་པ་མ་ཟད། ཁོང་གི་ལུས་པོའི་སྟེང་དུ་ཉེས་རྡུང་བཏང་བའི་རྨུག་ཐིག་ཡོད་པ་རེད། གསར་འགོད་པ་སཱ་ལིམ་ལ་དེའི་སྔོན་ནས་པ་ཀི་སི་ཐན་གྱི་གསང་བའི་ལས་ཁང་ནས་འཇིགས་སྐུལ་གྱི་ཉེན་བརྡ་འབྱོར་ཡོད་པ་དང༌། ཁོང་གི་ལས་རོགས་ནས་སཱ་ལིམ་ཉིན་གཉིས་གོང་ལ་གར་སོང་མེད་པར་གྱུར་བ་དེ་ནི་པ་ཀི་སི་ཐན་གྱི་གསང་བའི་ལས་ཁུང་དང་འབྲེལ་བ་ཡོད་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་དང། རེས་གཟའ་ཟླ་བའི་ཉིན་ཨ་རིའི་ནེའུ་ཡོག་གསར་ཤོག་ཐོག་ལ། ཨ་རིའི་དཔོན་རིགས་ཤིག་གིས་པ་ཀི་སི་ཐན་གསང་བའི་ལས་ཁུངས་ཀྱི་གསར་འགོད་པ་སཱ་ལིམ་བསད་དགོས་པའི་བཀོད་ཁྱབ་བཏང་ཡོད་པའི་སྐོར་གསུང་ཡོད་པ་ལུང་འདྲེན་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎