རྒྱ་ནག་ཏུ་བཟའ་ཚང་ཁ་བྲལ་མཁན་མང་དུ་ཕྱིན་པ།

རྒྱ་ནག་ནང་ཉིན་ལྟར་བཞིན་བཟའ་ཚང་ཁག་ཁག་བྱེད་པར་མི་གྲངས་བཞི་སྟོང་ལྔ་བརྒྱ་ཡོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

2010.10.05

༄༅༎དེང་སྐབས་རྒྱ་ནག་ནང་གི་མི་འབོར་འཕེལ་རྒྱས་ཚད་བཀག་གི་སྲིད་ཇུས་དང༌། སྤྱི་ཚོགས་ཀྱི་གནས་སྟངས། མི་ཚེའི་འགྱུར་ལྡོག་བཅས་ཀྱི་རྐྱེན་པས་རྒྱ་ནག་ནང་ཉིན་ལྟར་བཞིན་བཟའ་ཚང་ཁག་ཁག་བྱེད་པར་མི་གྲངས་བཞི་སྟོང་ལྔ་བརྒྱ་ཡོང་གི་ཡོད་པའི་སྐོར་དེ་རིང་ཕེ་རན་སི་གསར་འགྱུར་ལས་ཁང་གིས་རྒྱ་ནག་གི་གསར་ཤོག་ཐོག་ཐོན་པའི་གནས་ཚུལ་ལུང་འདྲེན་བྱས་བཞག

དེ་ཡང་རྒྱ་ནག་གི་སྤྱི་ཚོགས་བདེ་དོན་ལས་ཁང་གིས་བཏོན་པའི་བསྡོམས་རྩིས་ནང། འདི་ལོའི་ཟླ་བ་དང་པོ་ནས་དྲུག་པ་བར་ཟླ་བ་དྲུག་རིང་ལ་བཟའ་ཚང་ཁག་ཁག་བྱེད་བར་དེབ་སྐྱེལ་བྱེད་མཁན་མི་གྲངས་འབུམ་དགུ་ཙམ་བྱུང་ཡོད་པ་དང༌། དེ་ནི་ན་ནིང་གི་ཟླ་བ་དྲུག་ནང་དེབ་སྐྱེལ་བྱེད་མཁན་བྱུང་བ་དང་བསྡུར་ན། འདི་ལོ་བཟའ་ཚང་ཁག་ཁག་བྱེད་མཁན་གྱི་དེབ་སྐྱེལ་བྱེད་མཁན་ལྡབས་བཅུས་མང་དུ་ཕྱིན་ཡོད་པའི་གནས་ཚུལ་བཀོད་ཡོད་པའི་སྐོར་རེས་གཟའ་ཟླ་བའི་ཕྱི་དྲོའི་རྒྱ་ནག་གི་གསར་ཤོག་ཐོག་བཀོད་ཡོད་པ་རེད། ད་དུང་གསར་ཤོག་དེའི་ཐོག་ལ། རྒྱ་ནག་གཞུང་གིས་བཟའ་ཚང་ཁག་ཁག་བྱེད་པའི་འགྲོ་ལུགས་སྟབས་བདེ་རུ་བཏང་བ་དང་དུས་མཚུངས་ཕྱི་ལོ་༢༠༠༣ནས་བཟུང་ལོ་ལྟར་བཞིན་བཟའ་ཚང་ཁག་ཁག་བྱེད་མཁན་བརྒྱ་ཆ་བརྒྱད་ཙམ་འཕེལ་རྒྱས་ཕྱིན་ཡོད་པ་དང༌། ལྷག་པར་དུ་བཟའ་ཚང་གཉིས་པོར་རང་དབང་ཆེ་རུ་འགྲོ་རྒྱུ་དང༌། དངུལ་དང་རྒྱུ་ནོར་ཡོད་པ་རྣམས་ཁག་ཁག་བཟོ་རྒྱུའི་ཆེད་དུ་བཟའ་ཚང་ཁག་ཁག་བྱེད་མཁན་གྱི་གྲངས་ཀ་མང་དུ་འཕེལ་རྒྱས་འགྲོ་བའི་རྐྱེན་ཞིག་ཡིན་པའི་སྐོར་དང༌།དམིགས་བསལ་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་འཆར་ལྡན་བུ་བཙའི་སྲིད་ཇུས་དེ་རྒྱ་ནག་གི་གྲོང་གསེབ་ཁག་ལས་གྲོང་ཁྱེར་ཁག་ནང་དམ་བསྒྲགས་ཆེ་བ་ལག་བསྟར་བྱེད་པར་བརྟེན་ནས། བཟའ་ཚང་ཁག་ཁག་བྱེད་མཁན་གྲོང་གསེབ་ཁག་ལས་ཧྲང་ཧད་ལྟ་བུ་གྲོང་ཁྱེར་ཁག་ནང་མང་བ་ཡོང་གི་ཡོད་པ་དང༌། དཔེར་ན། ༡༩༧༩ ལོར་རྒྱ་ནག་ཁྱོན་ཡོངས་ནས་བཟའ་ཚང་ཁག་ཁག་བྱེད་མཁན་བརྒྱ་ཆ་བགོས་ན། གྲངས་ཆུང་གསུམ་ལས་ཟིན་གྱི་མེད་པ་དང། ཕྱི་ལོ་༢༠༠༠ ལོར་མི་གྲངས་ས་ཡ་གཅིག་དང་གྲངས་ཆུང་༢དེབ་སྐྱེལ་བྱེད་མཁན་བྱུང་བ་དང། ༢༠༠༩ལོར་མི་གྲངས་ས་ཡ་གཉིས་ཙམ་གྱིས་དེབ་སྐྱེལ་བྱེད་མཁན་བྱུང་སྟེ་ལོ་རེ་བཞིན་འཕེལ་རྒྱས་འགྲོ་གི་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎