བཙན་བྱོལ་ནས་ཨ་རིར་ཡོང་མཁན་སློབ་ཕྲུག་ཚོར་ཟབ་སྦྱོང་གནང་བ།

བཙན་བྱོལ་བོད་གཞུང་གི་ཤེས་རིག་ལས་ཁུངས་ནས་ཨ་རིའི་ནང་ཆེས་མཐོའི་སློབ་སྦྱོང་དུ་ཡོང་མཁན་སློབ་ཕྲུག་ཚོར་ཟབ་སྦྱོང་གི་ལས་རིམ་ཞིག་གནང་འདུག

2008.06.25

༄༅༎བཙན་བྱོལ་བོད་གཞུང་གི་ཤེས་རིག་ལས་ཁུངས་ནས་གོ་བསྒྲིགས་གནང་བའི་འོག་ཁ་ས་རེས་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་ནང་ཆེས་མཐོའི་སློབ་སྦྱོང་དུ་ཡོང་མཁན་སློབ་ཕྲུག་ཚོར་ཟབ་སྦྱོང་གི་ལས་རིམ་ཞིག་གནང་ཡོད་འདུག། ཁ་སའི་ཟབ་སྦྱོང་སྐབས་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ནས་ངོ་སྤྲོད་གསུངས་བཤད་དང་། དེ་ནས་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ནས་རྒྱལ་སྤྱིའི་ནང་ད་ལྟའི་བོད་ཀྱི་གནད་དོན་གྱི་གནས་སྟངས་སྐོར་དང་། ཡང་ཕྱི་འབྲེལ་ལས་དོན་ཚན་པའི་དྲུང་ཆེ་དཱགས་པོ་བསོད་ནམས་ནོར་བུ་ལགས་ནས་ བོད་དོན་ལམ་དབུ་མའི་འཐབ་ལམ་གྱི་ཐོག་ནས་སེལ་ཐབས་སྐོར་གྱི་སྲིད་བྱུས་འཛིན་ཕྱོགས་སྐོར་འགྲེལ་བཤད་གནང༌བ། དེ་དང་ཕྱོགས་མཚུངས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྟེ་གནས་ཁང་གི་འབྲེལ་ཡོད་སྐུ་ཞབས་འཇམ་དཔལ་སྨོན་ལམ་ལགས་ནས་ད་ལྟའི་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ག་འདྲ་ཡོད་མེད་སྐོར་ངོ་སྤྲོད་དང༌། ཁོར་ཡུག་སྲུང་སྐྱོབ་སྡེ་ཚན་གྱི་བསྟན་འཛིན་ཆོས་སྐྱིད་ལགས་ནས་བོད་ནང་གི་ཁོར་ཡུག་སྐོར་བཅས་འབྲེལ་ཡོད་སོ་སོས་གསུངས་བཤད་གནང་ཡོད་བཅས་གང་ལྟར་སློབ་ཕྲུག་ཚོ་ཨ་མི་རི་ཀའི་ནང་མ་ཐོན་གོང་ལ་བོད་ཀྱི་གནས་སྟངས་སྤྱི་དང༌། ལྷག་པར་ཉེ་བའི་ཆར་ནས་བོད་ནང་གི་གནས་སྟངས་ལ་འགྱུར་བ་ཐེབས་པའི་གནས་ཚུལ་སོགས་ཕྱི་ཕྱོགས་ལ་ངོ་སྤྲོད་བྱེད་རྒྱུའི་ཆེད་གོ་རྟོགས་སྤེལ་བའི་ལས་རིམ་ཞིག་གོ་བསྒྲིགས་གནང་ཡོད་པ་རེད།

ཨ་མི་རི་ཀའི་གྲོས་ཚོགས་ནས་སྲིད་བྱུས་གཏན་འབེབས་གནང་བ་ལྟར་འདས་པའི་ལོ་ངོ་བཅུ་ཕྲག་གཉིས་མ་ཟིན་ཙམ་བར་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོའི་གཞོན་སྐྱེས་ཁག་སོ་སོའི་སྤྱི་ཚོགས་ནང་ལས་རིགས་འདྲ་མིན་ཐོག་ཞབས་འདེགས་ཞུ་རྒྱུར་ཕན་ཐོགས་ཡོང་ཐབས་སུ་དམིགས་ནས་འགྲོ་གྲོན་རོགས་རམ་གནང་ནས་ལོ་ལྟར་སློབ་ཕྲུག་མང་པོ་ཨ་རིའི་ནང་ཆེས་མཐོའི་སློབ་སྦྱོང་ཆེད་གཏོང་གནང་མཛད་ཀྱི་ཡོད་པ་རེད། དེ་དག་བཙན་བྱོལ་བོད་གཞུང་གི་ཤེས་རིག་ལས་ཁུངས་ནས་ཡིག་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུགས་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎