བོད་དང་ཡུ་གུར་སོག་པོ་གསུམ་གྱི་རང་དབང་འཐབ་རྩོད་ཚོགས་པ།

བོད་དང་ཤར་ཏུར་ཀི་སི་ཐན་སོག་པོ་གསུམ་གྱི་མི་སྣ་ཁག་ཅིག་མཉམ་འབྲེལ་གྱི་ཐོག་ནས་རང་དབང་འཐབ་རྩོད་ཆེད་དུ་ཚོགས་པ་བཙུགས་འདུག

2009.10.02

༄༅༎ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་མོ་དེར་བོད་དང་ཤར་ཏུར་ཀི་སི་ཐན་ སོག་པོ་གསུམ་གྱི་མི་སྣ་ཁག་ཅིག་མཉམ་འབྲེལ་གྱི་ཐོག་ནས་རང་དབང་འཐབ་རྩོད་ཆེད་དུ་ཚོགས་པ་ཞིག་གསར་འཛུགས་བྱས་ཡོད་འདུག

ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་རྟེན་གཞི་བྱས་པའི་ཤིན་ཅང་ཡུ་གུར་མི་རིགས་ཀྱི་དབུ་ཁྲིད་ལྕམ་རཱ་སྦི་ཡ་ཀ་རྡིར་ལས་ཁང་གི་ཚོགས་ཁང་ནང་ཨ་རིའི་ནང་གནས་འཁོད་མདོ་ཁམས་ཆུ་བཞི་སྒང་དྲུག་དང་སོག་པོ་ ཤར་ཏུར་ཀི་སི་ཐན་བཅས་ཀྱི་མི་སྣ་ཁག་ཅིག་མཉམ་འབྲེལ་ཐོག་ནས་བོད་དང་ཤར་ཏུར་ཀི་སི་ཐན་ སོག་པོ་རང་དབང་འཐབ་རྩོད་ཚོགས་པ་ཟེར་བའི་ཚོགས་པ་ཞིག་གསར་བཙུགས་བྱས་ཡོད་པ་དང་ཚོགས་པ་དེའི་འགན་འཁུར་གཙོ་བོའི་གྲས་མི་རིགས་དེ་གསུམ་གྱི་ཁོངས་ནས་མི་རེ་འདེམས་ཐོན་བྱུང་ཡོད་པ་བཞིན་ཤར་ཏུར་ཀི་སི་ཐན་གྱི་དབུ་ཁྲིད་ལྕམ་རཱ་སྦི་ཡ་ཀ་རྡིར་དང་བོད་པའི་ངོས་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་ག་པ་ཚེ་རིང་རྡོ་རྗེ་ལགས་དང་སོག་པོའི་དབུ་ཁྲིད་དུ་དེང་སྐབས་ཇར་མི་ནི་ནང་བཞུགས་ཀྱི་ཡོད་པའི་སོག་པོ་མང་གཙོ་ཚོགས་པའི་ཚོགས་གཙོ་ཐམ་ཇེ་ཐུག་ལག་འདེམས་ཐོན་བྱུང་ཡོད་པ་རེད། ད་རེས་ཀྱི་ཚོགས་པ་དེ་འདྲ་ཞིག་བཙུགས་དགོས་པའི་རྒྱུ་མཚན་སྐོར་ཤར་ཏུར་ཀི་སི་ཐན་གྱི་དབུ་ཁྲིད་ར་སྦི་ཡ་ཀ་རྡིར་གྱིས་གསུངས་ན་ང་ཚོ་ཤར་ཏུར་ཀི་སི་ཐན་མི་རིགས་དང་བོད་མི་རིགས་སོག་པོ་མི་རིགས་གསུམ་པོ་དེའི་ལོ་རྒྱུས་ཙམ་མ་ཟད་མ་འོངས་ཡང་གནས་སྟངས་གཅིག་མཚུངས་ཡིན་པ་དང་ལོ་ངོ་དྲུག་བཅུ་ནང་ལ་རྒྱ་ནག་གཞུང་གི་བཙན་གནོན་འོག་གནས་མུས་ཡིན་པ་དང་ད་རེས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་གསར་བཙུགས་བྱས་པའི་རྒྱལ་སྟོན་གྱི་དུས་ཆེན་སྐབས་དང་བསྟུན་ནས་ང་ཚོ་མི་རིགས་གསུམ་པོ་དེས་མཉམ་འབྲེལ་ཐོག་ནས་རང་དབང་དང་མང་གཙོ་ཞི་བདེ་བཅས་ཀྱི་ཆེད་དུ་བོད་དང་ཤར་ཏུར་ཀི་སི་ཐན་སོག་པོ་གསུམ་མཉམ་འབྲེལ་ཐོག་ནས་ཚོགས་པ་བཙུགས་པ་དེ་དངོས་གནས་ཡག་པོ་རེད་ཅེས་གསུངས་བཞག ཡང་ཚོགས་པ་དེ་འདྲ་བཙུགས་དགོས་པའི་དགོས་པ་རྒྱུ་མཚན་ཐོག་སོག་པོའི་ཚོགས་གཙོ་ཐེན་ཇེ་ཐུ་ཡིས་གསུངས་ན་ང་ཚོ་ཚང་མའི་ལས་དབང་འདྲ་མཚུངས་རེད། ཚང་མས་རྒྱ་ནག་གཞུང་གི་བཙན་གནོན་འོག་གནས་ཡོད་ཅིང་སོ་སོའི་རང་དབང་འཐོབ་རྒྱུར་འཐབ་རྩོད་བྱེད་མཁན་ཡང་གཅིགས་མཚུངས་རེད། དེར་བརྟེན་གཅིག་སྒྲིལ་བྱ་རྒྱུ་དེ་ནི་སྟོབས་ཤུགས་རེད། ང་ཚོ་ཚང་མས་གཅིག་སྒྲིལ་བྱས་ཚེ་ང་ཚོའི་འཐབ་རྩོད་ལ་འབྲས་བུ་ཐོབ་རྒྱུའི་རེ་བ་ཡོད་པ་དང་ངའི་བསམ་པར་ད་རེས་ཀྱི་ཚོགས་པ་དེ་དངོས་གནས་དོན་སྙིང་ལྡན་པ་ཞིག་རེད་བསམ་གྱི་འདུག་ཅེས་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎