༧གོང་ས་མཆོག་གིས་ཡོན་ཏན་གླིང་ཆོས་ཚོགས་དབུ་འབྱེད་བསྐྱངས།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བེལ་ཇམ་དུ་རྟེན་གཞི་བྱས་པའི་ཡོན་ཏན་གླིང་ཆོས་ཚོགས་དབུ་འབྱེད་བསྐྱངས་གནང་མཛད་ཡོད་འདུག

2012.05.25

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བེལ་ཇམ་དུ་རྟེན་གཞི་བྱས་པའི་ཡོན་ཏན་གླིང་ཆོས་ཚོགས་དབུ་འབྱེད་བསྐྱངས་གནང་མཛད་ཡོད་འདུག

༧གོང་ས་༧སྐྱབས་མགོན་ཆེན་པ་མཆོག་ཨི་ཊ་ལི་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་ཏེ་ཕྱི་ཟླ་ལྔ་པའི་ཚེས་༢༣ཉིན་ཕྱི་དྲོ་བེལ་ཇམ་དུ་༧ཞབས་སོར་འཁོད་སྐབས་ ས་གནས་རྫོང་དཔོན་དང་ གནད་ཡོད་མི་སྣ་སོགས་ཀྱིས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་དང་ ཕྱི་ཚེས་༢༤ཉིན་སྔ་དྲོ་ཕྱག་ཚོད་༨དང་ཕྱེད་ཀའི་ཐོག  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བེལ་ཇམ་དུ་གནས་སྡོད་བོད་རིགས་མི་མང་ལ་མཇལ་ཁ་དང་བོད་མིའི་འདུ་ཤེས་དང་ངོ་བོ་གཅེས་འཛིན་བྱེད་དགོས་པའི་སྐོར་ལ་བཀའ་སློབ་བསྩལ་ཡོད་ཅིང་ ཁུལ་དེར་རྟེན་གཞི་བྱས་པའི་ཡོན་ཏན་གླིང་ཆོས་ཚོགས་ཀྱི་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ བཀའ་བཞེས་བཟང་པོ་ཐོབ་སྟེ་ ཐོག་མར་ཡོན་ཏན་གླིང་ཆོས་ཚོགས་ཀྱི་ཚོགས་ཁང་རྙིང་པར་ ༧ཞབས་སོར་འཁོད་བསྟུན་ཆོས་ཚོགས་ཀྱི་དྲུང་ཆེ་དང་ གདན་ཞུ་གོ་སྒྲིག་ཚོགས་ཆུང་གི་འབྲེལ་མཐུདཔ་སྐུ་ཞབས་ཕེརེནཛ་གོཐ་ག་སྦེར་གྱིས་༧གོང་ས་མཆོག་དང་ཧུའི་གྲོང་སྡེའི་སྤྱི་ཁྱབ་སྤྱི་ཁྱབ་པ་སྐུ་ཞབས་ཨེ་ལེཀ་སི་ཧུ་སོཀ་བཅས་ལ་ཕེབས་བསུའི་འཚམས་འདྲི་ཞུས་པ་མ་ཟད་ བེལ་ཇམ་གྱི་ཆབ་སྲིད་མི་སྣ་ཁག་ཅིག་ཀྱང་ཆེདབཅར་ཞུས་ཡོད་པའི་རྣམས་ངོ་སྤྲོད་དང་འབྲེལ་གསུང་བཤད་གནང་  དེ་ནས་གྲོང་སྡེའི་སྤྱི་ཁྱབ་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཧུའི་གྲོང་ཁྱེར་གྱི་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་འབུལ་ལམ་ཞུས་ཡོད་ཅིང་དེའི་སྐབས་༧གོང་ས་མཆོག་ནས་དེ་སྔ་ཆོས་ཚོགས་ཐོག་མར་གསར་བཞེངས་གྲུབ་མཚམས་ཚར་གཅིག་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་དང་ དེ་ནས་་བར་སྐབས་ཤིག་ཆིབས་བསྒྱུར་ཐེངས་གཅིག་དང་ ད་ཆ་གཙུག་ལག་ཁང་གསར་བཞེངས་ལེགས་སྒྲུབ་རྗེས་སླར་ཡང་ཆིབས་བསྒྱུར་བསྐྱངས་གནང་བ་ འབྱུང་འགྱུར་ཡང་ཡང་ནས་ཡང་དུ་ཆིབས་བསྒྱར་བསྐྱངས་རྒྱུའི་ཐུགས་རེ་ཡོད་ཅེས་བཀའ་བསྩལ་བ་དང་འབྲེལ་དགོན་པ་དེའི་ཚོགས་ཁང་ནང་མི་མང་ལ་བྱམས་དང་སྙིང་རྗེའི་སྐོར་ལ་བཀའ་སློབ་བསྩལ་ཡོད་པ་དང་ བཀའ་སློབ་གྲུབ་མཚམས་་གསར་འགོད་ལྷན་ཚོག་ཐོག་ཆིབས་བསྒྱུར་བསྐྱངས་ཏེ་ གསར་འགོད་པ་ཚོའི་བཀའ་དྲིར་བཀའ་ལན་མ་གནང་སྔོན་ གསར་འགོད་པ་ཚོར་འགྲོ་བ་མིའི་རིན་ཐང་དང་ཁོར་ཡུག་སྲུང་སྐྱོབ་སྐོར་བཀའ་སློབ་བསྩལ་པ་དང་སྦྲགས་ གསར་འགོད་པ་ཚོས་ཕྱོགས་ལྷུང་དང་རྒྱབ་མདུན་ངོ་ལྐོག་མེད་པའི་ལམ་ནས་གནས་ཚུལ་སྤེལ་ཏེ་འཛམ་གླིང་གི་སྤྱི་ཚོགས་ཇེ་བཟང་དུ་གཏོང་ཐབས་བྱེད་དགོས་པའི་སྐོར་བཀའ་གནང་པ་མ་ཟད་ གསར་འགོད་པ་ཁག་ཅིག་གིས་བོད་ནང་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་སྐོར་བཀའ་དྲི་ཞུས་སྐབས་༧གོང་ས་མཆོག་ནས་གསར་འགོད་པ་ཚོས་རང་ཉིད་དངོས་སུ་ས་གནས་ས་ཐོག་ཏུ་བསྐྱོད་དེ་དངོས་ཡོད་གནས་ཚུལ་རྟོག་ཞིབ་བྱེད་ཐུབ་ཚེ་དགེ་མཚན་ཆེ་བ་ཡོད་པ་བཀའ་ལན་སྩལ་བ་དང་  གསར་འགོད་པས་༧གོང་ས་མཆོག་བོད་དུ་ཕྱིར་ཕེབས་མཛད་རྒྱུའི་ཐུགས་རེ་ཡོད་མེད་བཀའ་དྲི་ཞུས་པར་ ༧གོང་ས་མཆོག་ནས་བོད་དུ་ཕྱིར་ཕེབས་མཛད་རྒྱུའི་ཐུགས་རེ་ཧ་ཅང་ཆེན་པོ་ཡོད་ཅེས་བཀའ་ལན་གནང་འདུག དེ་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁུལ་དེར་རྟེན་གཞི་བྱས་པའི་ཡོན་ཏན་གླིང་ཆོས་ཚོགས་ཀྱི་དབུ་འབྱེད་ཀྱི་དར་མཚོན་གཅོད་འབྲེག་མཛད་རྗེས་ཨོ་སི་ཊོ་རི་ཡའི་རྒྱལ་ས་ཝི་ཡ་ནར་ཆིབས་ཞལ་བསྒྱུར་གནང་མཛད་ཡོད་ཅིང་ཕྱི་ཚེས་༢༥ཉིན་ཁུལ་དེའི་མི་མང་ལ་ཆོས་ལུགས་ཀྱི་རྒྱ་ལས་བརྒལ་བ་དང་ ད་ལྟའི་སྤྱི་ཚོགས་ལ་མཁོ་བའི་བཟང་སྤྱོད་དང་ འགྲོ་བ་མའི་རིན་ཐང་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་ཡོད་པ་དང་ ཕྱི་ཚེས་༢༦ཉིན་ཨོ་སི་ཀྲོ་རི་ཡ་རྒྱལ་ས་ཝེ་ཡ་ནར་རྟེན་གཞི་བྱས་པའི་བོད་ཀྱི་བསྟི་གནས་ཁང་དང་ ལྦི་ཡ་ན་གཙུག་ལག་སློབ་གྲ་ཟུང་འབྲེལ་གྱིས་གོ་སྒྲིག་ཞུས་པའི་སེམས་དང་དངོས་པོ་ དོན་དམ་གྱི་དཔེ་གསར་ཞེས་་ནང་པའི་ཚན་རིག་དང་ཚན་རིག་སྐོར་གྱི་ཆེད་དོན་བགྲོ་གླེང་ཐོག་དབུ་བཞུགས་མཛད་རྒྱུ་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎