ཨོ་ལིམ་པིཀ་རྩེད་འགྲན་གྱི་བཟོ་གྲྭར་བརྟག་དཔྱད།

ཨིན་ཡུལ་གྱི་ཨོ་ལིམ་པིཀ་རྩེད་འགྲན་གྱི་རྩེད་ཆས་བཟོ་མཁན་རྒྱ་ནག་གི་བཟོ་གྲྭར་བརྟག་དཔྱད་བྱ་རྒྱུ་ཡིན་འདུག

2012.01.22

༄༅༎སྤྱི་ལོ་༢༠༡༢ལོའི་ཨིན་ཇིའི་ལོན་ཌོན་ཨོ་ལིམ་པིཀ་ལུས་རྩལ་ལྷན་ཚོགས་ནས་། རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་དེའི་རྟེན་འབྲེལ་མཚོན་ཆེད་ཀྱི་རྩེད་ཆས་བཟོ་སྐྲུན་བྱེད་མཁན་རྒྱ་ནག་གི་རྩེད་ཆས་བཟོ་གྲར་བརྟག་དཔྱད་གནང་རྒྱུ་ཡིན་པ་རེད་འདུག
དེའང་སྤྱི་ལོ་༢༠༡༠ལོའི་ཟླ་བ་༨པའི་ནང་། ཨིན་ཇིའི་ཚོང་དོན་ཚན་པ་ཞིག་ལ་སྤྱི་ལོ་༢༠༡༢ལོའི་དབྱིན་ཇིའི་ལོན་ཌོན་ཨོ་ལིམ་པིཀ་ལུས་རྩལ་འགྲན་ཚོགས་ཀྱི་རྟེན་འབྲེལ་མཚོན་ཆེད་ཀྱི་རྩེད་ཆས་བཟོ་རྒྱུའི་གོ་སྐབས་ཐོབ་ཡོད་པ་དང་། གོ་སྐབས་ཐོབ་རྗེས་། ཨིན་ཇིའི་ཚོང་དོན་ཚན་པ་དེས། རྟེན་འབྲེལ་མཚོན་ཆེད་ཀྱི་རྩེད་ཆས་དེ་བཞིན་རྒྱ་ནག་གི་རྩེད་ཆས་བཟོ་གྲ་ཞིག་གིས་བཟོ་སྐྲུན་བྱེད་རྒྱུའི་བཀོད་སྒྲིག་བྱས་ཡོད་ལ། ཡིན་ནའང་། ད་ཆ་གསར་འགྱུར་རྒྱུད་ལམ་མང་པོ་ཞིག་གི་ཐོག  རྒྱ་ནག་གི་རྩེད་ཆས་བཟོ་གྲ་དེའི་ལས་ཀ་བྱེད་སའི་ཁོར་ཡུག་ཡག་པོ་མེད་པ་མ་ཟད།  བཟོ་པ་ཚོའི་གླ་ཆ་ཧ་ཅང་དམའ་པོ་ཡིན་པ་སོགས་ཀྱི་གནད་དོན་མང་དག་ཞིག་འཐེར་བཏོན་བྱས་ཡོད་པས་། དེར་བརྟེན་ད་རེས་ཉེ་ཆར་། སྤྱི་ལོ་༢༠༡༢ལོའི་ཨིན་ཇིའི་ལོན་ཌོན་ཨོ་ལིམ་པིཀ་ལུས་རྩལ་ལྷན་ཚོགས་ཀྱི་མགྲིན་ཚབ་པ་ཞིག་ནས་གཏམ་བཤད་ཅིག་གནང་ཏེ། ལྷན་ཚོགས་དེའི་ངོས་ནས་ད་ཆ་འབྲེལ་ཡོད་ཚན་པས་། རྒྱ་ནག་གི་རྩེད་ཆས་བཟོ་གྲ་དེའི་སྐྱོན་འཛུགས་ཁག་གི་ཐོག་ཁྱོན་ཡོངས་ནས་བརྟག་དཔྱད་བྱེད་དགོས་པའི་བཀའ་རྒྱ་བཏང་ཟིན་ཡོད་པ་མ་ཟད། ད་དུང་བརྟག་དཔྱད་བྱས་ཚར་རྗེས་། བརྟག་དཔྱད་བྱས་པའི་མཇུག་འབྲས་འཕྲལ་དུ་གསལ་བསྒྲགས་བྱེད་རྒྱུ་དང་། དེ་ནས་སྐབས་དེའི་བརྟག་དཔྱད་བྱས་པའི་འབྲས་བུ་དང་འཚམས་པའི་ཐོག་ནས་གནས་ཚུལ་ཐག་གཅོད་བྱེད་རྒྱུ་ཡིན་པར་ཡང་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎