ཨོ་བྷ་མ་མཆོག་གིས་རྒྱ་གར་ལ་འགན་མང་ཙམ་བཞེས་དགོས་བ་གསུངས།


2015.01.27
ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་རྒྱ་གར་གྱི་སྲིད་བློན་རྣམ་གཉིས། ༢༠༡༥།༡།༢༦ ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་རྒྱ་གར་གྱི་སྲིད་བློན་རྣམ་གཉིས། ༢༠༡༥།༡།༢༦
AFP

རྒྱ་གར་གྱིས་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་འགོག་ཐབས་ཐད་འགན་མང་ཙམ་བཞེས་དགོས།

དེ་ཡང་ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་མཆོག་གི་ད་རེས་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱ་གར་གྱི་འཚམས་གཟིགས་འདི་ནི་འཛམ་གླིང་ནང་གི་མང་གཙོའི་ཡུལ་གྲུ་ཆེ་ཤོས་གཉིས་དབར་གྱི་གྲོགས་པོའི་འབྲེལ་ལམ་གྱི་ལེའུ་གསར་པ་ཞིག་སྒོ་ཕྱེ་བར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ཚེས༢༧གཟའ་མིག་དམར་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྒྱ་གར་གྱི་གཞོན་སྐྱེས་ཁག་གཅིག་ལ་གསུང་བཤད་གནང་སྐབས་སྲིད་འཛིན་ཨོ་བྷ་མ་མཆོག་གིས། ཨ་མི་རི་ཀ་ནི་རྒྱ་གར་གྱི་ཐབས་གྲོགས་བཟང་ཤོས་དེ་ཆགས་ཐུབ་རྒྱུ་ཡིན་སྐོར་དང་། རྒྱ་གར་གྱི་རྒྱབ་སྐྱོར་མེད་པར་གོ་ལའི་གནམ་གཤིས་འགྱུར་ལྡོག་འགོག་ཐབས་གྱི་ལས་གཞི་དེ་མདུན་བསྐྱོད་བྱེད་ཐུབ་ཐབས་མེད་སྐོར་སོགས་གསུངས་འདུག་ཅིང་། དེ་དང་ཆབས་གཅིག་སྲིད་འཛིན་ཨོ་བྷ་མས། རྒྱ་གར་ནང་བེུད་ཚོར་སྐྱེས་པ་ཕོ་དང་གཅིག་མཚུངས་ཀྱི་ཐོབ་ཐང་དགོས་པར་མ་ཟད། བེུད་ཚོའི་བདེ་འཇགས་གོང་འཕེལ་གཏོང་ཐབས་དགོས་གལ་ཆེ་བ་ཡིན་པ་གསུངས་ཡོད་པ་རེད། ལྷག་པར་དུ་སྲིད་འཛིན་ཨོ་བྷ་མས། མི་སུ་ཡིན་ཡང་འཇིགས་སྣང་མི་དགོས་པའི་ཐོག་ནས་ཆོས་ལུགས་གང་འདྲ་ཞིག་ལ་དད་གུས་དང་རྗེས་སུ་འབྲངས་ཆོག་པ་དང་། ཆོས་ལུགས་གང་ཞིག་ལ་ཡང་རྗེས་སུ་མི་འབྲངས་པའི་འདེམས་ཀའི་ཐོབ་ཐང་ཡོད་དགོས་པ་གསུངས་འདུག
བྷ་རཀ་ཨོ་བྷ་མ་མཆོག་ནི་རྒྱ་གར་མང་གཙོའི་དུས་ཆེན་གྱི་མཛད་སྒོའི་ཐོག་གཞུང་གི་སྐུ་མགྲོན་གཙོ་བོར་ཕེབས་མཁན་ཨ་མི་རི་ཀའི་སྲིད་འཛིན་དང་པོ་ཡིན་ལ། དེ་བཞིན་ཨ་རིའི་སྲིད་འཛིན་ལས་ཐོག་པ་ཞིག་རྒྱ་གར་དུ་ཐེངས་གཉིས་ཕེབས་མཁན་ཡང་དང་པོ་དེ་ཆགས་ཡོད་པ་རེད། སྲིད་འཛིན་ཨོ་བྷ་མ་མཆོག་གིས་ཨ་མི་རི་ཀ་དང་རྒྱ་གར་གྱི་འབྲེལ་ལམ་འདི་ནི་དུས་རབས་འདིའི་ནང་གི་འབྲེལ་ལམ་གལ་འགངས་ཆེ་ཤོས་ཞིག་ཆགས་ཐུབ་རྒྱུའི་གོ་སྐབས་དང་འདེངས་འཇོག་ཡོད་པ་གསུངས་འདུག

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎