ཨ་མི་རི་ཀ་དམག་འཐབ་དང་དཔལ་འབྱོར་གྱི་དཀའ་སྡུག་ལས་གྲོལ་ཡིན།


2015.01.21
ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་State of Union ཞེས་ཨ་མེ་རི་ཀའི་རྒྱལ་ཁབ་ཀྱི་གནས་སྟངས་སྐོར་གྲོས་ཚོགས་བརྒྱུད་རྒྱལ་ཡོངས་ལ་ལོ་འཁོར་གསུངས་བཤད་གནང་སྐབས། ༢༠༡༥།༡།༢༠ ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་State of Union ཞེས་ཨ་མེ་རི་ཀའི་རྒྱལ་ཁབ་ཀྱི་གནས་སྟངས་སྐོར་གྲོས་ཚོགས་བརྒྱུད་རྒྱལ་ཡོངས་ལ་ལོ་འཁོར་གསུངས་བཤད་གནང་སྐབས། ༢༠༡༥།༡།༢༠
ཕོ་བྲང་དཀར་པོ

ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་ཨ་མི་རི་ཀ་ལོ་མང་རིང་གི་དམག་འཐབ་དང་དཔལ་འབྱོར་གྱི་དཀའ་སྡུག་ཁག་ལས་གྲོལ་བ་གསུངས་འདུག


དེ་ཡང་ཁ་ས་དགོང་དྲོ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་State of Union ཞེས་ཨ་མེ་རི་ཀའི་རྒྱལ་ཁབ་ཀྱི་གནས་སྟངས་སྐོར་གྲོས་ཚོགས་བརྒྱུད་རྒྱལ་ཡོངས་ལ་ལོ་འཁོར་གསུངས་བཤད་གནང་སྐབས། ད་ཆ་ཨ་མི་རི་ཀ་ལོ་མང་རིང་གི་དམག་འཐབ་དང་དཔལ་འབྱོར་གྱི་དཀའ་སྡུག་ཁག་ལས་གྲོལ་སྐོར་གསལ་བསྒྲགས་གནང་བ་དང་། དེང་སྐབས་ཨ་མི་རི་ཀའི་དཔལ་འབྱོར་བཟང་དུ་འགྲོ་བཞིན་པ་དང་། སྲིད་འཛིན་ཨོ་བྷ་མས་ཕྱག་ལས་གནང་ཕྱོགས་ཐད་མི་མང་གིས་མོས་མཐུན་རྒྱབ་སྐྱོར་ཡོད་པའི་རྣམ་པ་ཡང་ཇེ་བཟང་དུ་འགྲོ་བཞིན་པའི་སྐབས་འདིར་ཨོ་བྷ་མ་མཆོག་ནས་ད་ཆ་ཨ་རིའི་རྒྱལ་རབས་ལོ་རྒྱུས་ནང་ལེའུ་གསར་པ་ཞིག་སྒོ་ཕྱེས་ནས་དེའི་ནང་འབྱོར་འབྲིང་གྲལ་རིམ་མི་མང་ཚོར་དཔལ་འབྱོར་ཐད་དྲང་བདེན་གྱི་གོ་སྐབས་སྤྲོད་རྒྱུ་ཡིན་སྐོར་བཀའ་གནང་ཡོད་པ་རེད། ཁོང་གིས་ད་ཆ་ང་ཚོ་དུས་རབས་གསར་པ་འདིའི་ནང་གི་ལོ་༡༥་སླེབས་ཟིན་པ་དང་། འདས་པའི་ལོ་༡༥་དེ་བཞིན་དྲག་པོའི་འཇིགས་སྐུལ་རིང་ལུགས་པས་ཨ་རིར་གཏོར་རྒོལ་གཏོང་འགོ་ཚུགས་པའི་རྐྱེན་གྱིས་ཨ་རིའི་མི་རབས་གསར་པ་ཚོས་རྒྱུན་རིང་བའི་དམག་འཁྲུག་གཉིས་རྒྱབ་དགོས་བྱུང་བ་དང་དེ་ལ་བརྟེན་ནས་ཨ་རི་རྒྱལ་ཡོངས་དང་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་ཕྱིན་པ་དང་། དུས་ད་ལྟའི་ཆར་ཡང་མི་མང་པོ་ཞིག་ལ་དཀའ་ངལ་དུ་མ་འཕྲད་བཞིན་ཡོད། ཡིན་ནའི་དོ་དགོང་ང་ཚོས་ལེའུ་གསར་པ་ཞིག་སྒོ་ཕྱེ་གིན་ཡོད་སྐོར་བཀའ་གནང་བ་མ་ཟད། ཁོང་གིས་ད་ཆ་ཨ་རིའི་དཔལ་འབྱོར་ཡར་རྒྱས་ཆེན་པོ་འགྲོ་བཞིན་པ་དང་དངུལ་བྱུང་སོང་ཆད་འབབ་ཇེ་ཉུང་དུ་འགྲོ་བཞིན་པ། གང་ཅིའི་ཡར་རྒྱས་གོང་འཕེལ་འགྲོ་བཞིན་པའི་སྐོར་ཡང་བཀའ་གནང་འདུག ད་དུང་ཨ་རིའི་སྲིད་འཛིན་མཆོག་ནས་ལས་གླ་དམའ་ཤོས་དེ་སྤར་ཆ་དགོས་པ་དང་། བེུད་ཚོ་ཡང་སྐྱེས་པ་དང་མཚུངས་པའི་ལས་གླ་སྤྲོད་དགོས་པ། འབྱོར་འབྲིང་གྲལ་རིམ་མི་མང་ཚོའི་དཔྱ་ཁྲལ་གཅོག་ཆ་དགོས་སྐོར་ཡང་བཀའ་གནང་འདུག ཡིན་ནའི་ཕྱོགས་འགལ་སྤྱི་མཐུན་ཚོགས་པས་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་གསུང་བཤད་དེ་ནི་རྒྱལ་ཁབ་དབུ་ཁྲིད་གཅིག་གི་བཀའ་སློབ་ལས་ཆབ་སྲིད་མང་བ་ཡིན་སྐོར་ངོས་འཛིན་བྱས་ཡོད་འདུག
དེ་བཞིན་ཨ་རིའི་སྲིད་འཛིན་མཆོག་གིས། ཨེ་ཤེ་ཡའི་ཚོང་འབྲེལ་གྱི་ཁྲིམས་ལུགས་དེ་རྒྱ་ནག་མིན་པར་ཨ་རིས་གཏན་འབེབས་བྱེད་དགོས་པ་ཞིག་ཡིན་པ་དང་། དེར་གྲོས་ཚོགས་ཀྱི་ངོས་ནས་སྲིད་འཛིན་ལ་མཐུན་འགྱུར་གནང་སྟེ་ཚོང་འབྲེལ་གཏན་འབེབས་གནང་ཐུབ་པ་གནང་དགོས་སྐོར་གསུངས་འདུག སྲིད་འཛིན་མཆོག་གིས། རྒྱ་ནག་གི་ཚོང་དོན་ཁྱབ་བརྡལ་ཆེ་རུ་ཕྱིན་པ་ཡིན་ན། དེས་ཨ་རིར་ཁེ་ཕན་ཡོང་རྒྱུ་མིན་སྟབས་ངས་ཆབ་སྲིད་ཚོགས་པ་གཉིས་ཀར་ཚོང་འབྲེལ་གོང་འཕེལ་གཏོང་རྒྱུའི་འགན་དབང་དང་། ཨ་མི་རི་ཀའི་ལས་མི་སྲུང་སྐྱོབ་བྱ་རྒྱུ་སོགས་ཀྱི་ཆེད་ཨེ་ཤེ་ཡ་ནས་ཡུ་རོབ་བར་རང་དབང་ཙམ་མིན་པར་དྲང་བདེན་གྱི་ཚོང་འབྲེལ་བྱ་ཐུབ་ཐབས་སུ་འཕྱར་གྲུ་མཉམ་འདེགས་གནང་བའི་རེ་བ་ཞུ་གི་ཡོད་ཅེས་གསུངས་འདུག
རྒྱ་ནག་ནི་ཞི་བདེ་རྒྱ་མཚོའི་མཚོ་ཁག་ཕན་ཚུན་གྱི་མཉམ་འབྲེལ་ཚོགས་མི་མིན་པ་དང་།  ཨ་མི་རི་ཀས་མངའ་ཁུལ་དེའི་རྒྱལ་ཁབ་༡༡ཙམ་དང་ལྷན་དུ་ཚོང་འབྲེལ་འགྲིག་འཇགས་གནང་ཐབས་གནང་སྟེ ལས་མིའི་ཐོབ་ཐང་དང་། ཁོར་ཡུག།   དེ་བཞིན་ཚོང་འབྲེལ་བྱ་ཕྱོགས་ཀྱི་དཀའ་ངལ་ཆུང་དུ་གཏོང་ཐབས་གནང་བཞིན་པ་རེད།  རེས་གཟའ་ལྷག་པའི་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་མ་Huaཡིས་ཨ་རི་དང་ལྷན་དུ་ཚོང་འབྲེལ་དཀའ་རྙོག་ཁག་སེལ་ཐབས་བྱ་རྒྱུའི་འདོད་པ་ཡོད་ལུགས་བཤད་ཡོད་པ་རེད།

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎