ཨ་རི་སྲིད་འཛིན་གྱིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ།

ཨ་རི་སྲིད་འཛིན་གྱིས་༸གོང་ས་མཆོག༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུར་ཐུགས་གཏན་འཁེལ་ཡོད་པའི་གནས་ཚུལ།

2010.01.25

༄༎རྒྱ་ནག་གིས་ངོ་རྒོལ་བྱེད་བཞིན་དུ་ཨ་མི་རི་ཀའི་སྲིད་འཛིན་སྦ་ར་ཨོ་སྦ་མ་མཆོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་པའི་སྐོར་འབྲེལ་ཡོད་ཨ་མི་རི་ཀའི་སྲིད་འཛིན་ལས་ཁང་གི་ལས་བྱེད་ཀྱིས་ནན་བརྗོད་གནང་བའི་གནས་ཚུལ་ཐོན་འདུག

ཕྱི་ལོ་ཉིས་སྲྟོང་དགུའི་ཕྱི་ཟླ་བཅུ་པའི་ནང་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཌོན་དུ།༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བདུན་ཕྲག་གཅིག་མིན་ཙམ་གྱི་མཛད་རིམ་བསྐྱངས་པའི་སྐབས།ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མཆོག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇད་འཕྲད་གནང་མེད་ཅིང།རྒྱ་ནག་གི་རྒྱལ་དོན་འཚམས་གཟིགས་གྲུབ་པའི་རྗེས་སུ་མཇལ་འཕྲད་གནང་རྒྱུ་ཡིན་པའི་སྐོར་བཀའ་གནང་ཡོད་པ་རེད།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་།ཕྱི་ལོ་ཉིས་སྟོང་བཅུའི་འགོ་སྟོད་ནང་ཨ་མི་རི་ཀའི་སྲིད་འཛིན་མཆོག་དང་མཇལ་འཕྲད་གནང་རྒྱུའི་སྐོར་བཀའ་གནང་ཡོད་པ་རེད།དེ་མ་ཟད་ཉེ་སྔོན་ཨ་མི་རི་ཀའི་སྲིད་འཛིན་ལས་ཁང་གི་མགྲིན་ཚབ་པ་མའི་ཀི་ཧེ་མར་གྱིས།རྒྱལ་ས་ཝ་ཤིང་ཌོན་དུ་གསར་འགོད་པར་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གི་ངོས་ནས།༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་རྒྱུ་ཡིན་པ་ཐུགས་གཏན་འཁེལ་བའི་གནད་དོན་ཞིག་ཡིན་པ་དང་།སྲིད་འཛིན་མཆོག་གིས་རྒྱ་ནག་གི་དཔོན་རིགས་རྣམས་ལ་ཡང་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་པའི་སྐོར་གསུངས་གྲུབ་ཡོད་པ་བརྗོད་འདུག

འོན་ཀྱང་ཕྱོགས་གཉིས་ཀའི་ངོས་ནས་མཇལ་འཕྲད་ཀྱི་ཟླ་ཚེས་གསལ་ཁ་བཏོན་གནང་མེད་ཀྱང་།ཕྱི་ཟླ་གཉིས་པའི་ཟླ་དཀྱིལ་ཙམ་དུ་མཇལ་འཕྲད་གནང་སྲིད་པའི་ཚོད་དཔག་གནང་གི་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎