ཨོ་བྷ་མས་བོད་དང་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་མེད་ཟེར།


2014.11.13
སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་པེ་ཅིན་གྱི་གསར་འགོད་ལྷན་ཚོགས་སྐབས། ༢༠༡༤།༡༡།༡༢ སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་པེ་ཅིན་གྱི་གསར་འགོད་ལྷན་ཚོགས་སྐབས། ༢༠༡༤།༡༡།༡༢
AFP

ཨ་རིའི་སྲིད་འཛིན་གྱི་ཐེ་ཝན་དང་བོད་ཀྱི་ལངས་ཕྱོགས་ཐད་རྒྱ་ནག་གཞུང་འབྲེལ་གསར་ལམ་ལ་དབྱིན་ཡིག་དང་རྒྱ་ཡིག་བར་ཁྱད་པར་ཕྱེས་འདུག
དེ་ཡང་ཧྥ་རན་སིའི་རྒྱ་ཡིག་དྲ་གནས་ཐོག་དེ་རིང་གནས་ཚུལ་བཀོད་པར་གཞིགས་ན། རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཡིས་ཁ ས་མཉམ་འབྲེལ་གསར་འགོད་པའི་ལྷན་ཚོགས་ཐོག་ཚོར་བ་རྣོ་བའི་ཐེ་ཝན་དང་བོད་ཀྱི་གནད་དོན་སྐོར་གླེང་ཡོད་པ་རེད། ཐེ་ཝན་གྱི་མཉམ་འབྲེལ་ཚགས་པར་ཁང་གིས་དེ་རིང་གནས་ཚུལ་སྤེལ་དོན་ལ། རྒྱ་ནག་སྐམ་སའི་ཤིན་ཧྭ་གསར་ལས་ཀྱིས་གནས་ཚུལ་སྤེལ་བའི་སྐབས་དབྱིན་ཡིག་དང་རྒྱ་ཡིག་དྲ་གནས་ཐོག་བཀོད་པའི་གནས་ཚུལ་ནང་དོན་ལ་མི་འདྲ་བའི་སྣང་ཚུལ་བཀོད་ཡོད་པ་རེད།  དེ་ཡང་གསར་འགོད་པའི་ཚོགས་འདུའི་ཐོག་སྲིད་འཛིན་ཨོ་བྷ་མས་ཨ་རིའི་ཕྱོགས་ནས་ཐེ་ཝན་གྱི་གནད་དོན་ཐད་ལངས་ཕྱོགས་ལ་འགྱུར་བ་ཕྱིན་མེད་པ་དང་། ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཅེས་གསུངས་པ་དེ་རྒྱ་ནག་གི་རྒྱ་ཡིག་གི་དྲ་གནས་ཐོག་ཨོ་བྷ་མས་ཨ་རིའི་ཕྱོགས་ནས་རྒྱ་ནག་གི་གཅིག་གྱུར་ལ་གནོད་འཚེ་གཏོང་སེམས་གང་ཡང་མེད་ལུགས་དམིགས་བསལ་གྱིས་བཤད་ལུགས་བཀོད་པ་དང་། དབྱིན་ཡིག་གི་དྲ་གནས་ཐོག་ནང་དོན་དེ་འདྲ་བ་གཅིག་མཚུངས་བཀོད་མེད་པ་སོང་ཙང་། མཉམ་འབྲེལ་ཚགས་པར་གྱིས་དེ་ནི་ཕྱི་ནང་དབྱེ་བ་ཕྱེས་པ་ཞིག་ཏུ་བཤད་འགྲེལ་བྱས་ཡོད་པ་རེད། དེ་བཞིན་ཨོ་བྷ་མས་མ་གཞི་ཨ་རིའི་ཕྱོགས་ནས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་རྒྱུ་མིན་པའི་རྣམ་པ་བསྟེན་ཡང་ཐའེ་ཝན་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་རེད་ཅེས་བཤད་མེད་ལུགས་མཉམ་འབྲེལ་ཚགས་པར་ཐོག་བཀོད་ཡོད་པ་དང་། ཕྱོགས་མཚུངས་བོད་ཀྱི་གནད་དོན་ཐད་གསར་འགོད་པའི་ཚོགས་འདུའི་ཐོག་སྲིད་འཛིན་ཨོ་བྷ་མས་བོད་འདི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་དང་ཨ་རིའི་ཕྱོགས་ནས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པའི་རྣམ་པ་བསྟན་པ་དང་། རྒྱ་ནག་གཞུང་གིས་བྱ་སྤྱོད་སྤེལ་ནས་བོད་ཀྱི་ཐོུང་མ་ཡིན་པའི་སྐད་ཡིག་དང་ཆོས་ལུགས་ཉར་ཚགས་བྱེད་དགོས་པ་རྒྱ་ནག་གཞུང་ལ་འབོད་སྐུལ་བྱེད་རྒྱུ་ཡིན་ཞེས་གསུངས་པའི་སྐོར་བཀོད་འདུག

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎