ཨ་རིས་རྒྱ་ནག་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་རྒྱུ།

ཨ་རིའི་སྲིད་འཛིན་ཨོ་བ་མ་མཆོག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་མི་སྣ་ལྔ་དང་ཐུགས་འཕྲད་གནང་ཡོད་པའི་སྐོར།

2011.01.15

༄༅༎བདུན་རྗེས་མ་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོ་ཨ་རིའི་ནང་གཞུང་དོན་ཕྱོགས་སྐྱོད་ལ་འབྱོར་རྒྱུ་ཡིན་པའི་གོང་དེར། ཨ་རིའི་སྲིད་འཛིན་ ཨོ་བ་མ་མཆོག་གིས་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་མི་སྣ་ལྔ་དང་ཐུགས་འཕྲད་གནང་ཡོད་པའི་སྐོར་ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་གསུང་བཞག།

ཨ་རིའི་སྲིད་འཛིན་མཆོག་གིས་དུས་ཡུན་སྐར་མ་༧༥རིང་ཕོ་བྲང་དཀར་པོའི་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཐུགས་འཕྲད་གནང་ཡག་དེ་ནི་སྲིད་འཛིན་ཨོ་བ་མ་མཆོག་གིས་ཕོ་བྲང་དཀར་པོའི་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཐུགས་འཕྲད་གནང་བ་ད་རེས་ཐེངས་དང་པོ་དེ་ཡིན་པ་དང༌། དེའང་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོ་དང་ལྷན་འཛོམས་གནང་རྒྱུའི་གྲ་སྒྲིག་ཞིག་ཀྱང་ཡིན་པ་རེད།

ཨ་རིའི་སྲིད་འཛིན་ཨོ་བ་མ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཧུ་མཉམ་ཟུང་འབྲེལ་གསར་འགོད་ལྷན་ཚོགས་གནང་སྐབས་འགྲོ་བ་མིའི་ཐོབ་ཐང་སྐོར་གསུང་རྒྱུ་ཡིན་པ་མ་ཟད་ནང་མོལ་མཇལ་འཕྲད་སྐབས་སུའང་གནད་དོན་ད་གའི་སྐོར་བཀའ་མོལ་གནང་རྒྱུ་ཡིན་ལུགས་ འབྲེལ་ཡོད་ཨ་རིའི་དཔོན་རིགས་ཀྱིས་གསུངས་པ་ཨ་རིའི་ལྦ་ཤིང་ཊོན་ཕོ་ཉ་གསར་ཤོག་གིས་ལུང་འདྲེན་གནང་འདུག། 

རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོ་བདུན་རྗེས་མ་ཨ་རིའི་ནང་གཞུང་དོན་ཕྱོགས་སྐྱོད་ལ་ཕེབས་དགོས་དོན་གཙོ་བོ་ནི་བྱང་ཀོ་རི་ཡའི་རྡུལ་ཕྲན་ལས་འཆར་དང་འབྲེལ་བའི་བདེ་འཇགས་ཀྱི་གནད་དོན་དང་རྒྱ་ནག་གི་དངུལ་གི་ཛ་ཐང་དང་འབྲེལ་བའི་དཔལ་འབྱོར་གྱི་གནད་དོན་སྐོར་ཨ་རིའི་སྲིད་འཛིན་མཆོག་དང་གྲོས་མོལ་གནང་རྒྱུ་ཡིན་པ་རེད། གོང་ཞུས་ཨ་རིའི་གསར་ཤོག་དེའི་ནང་ སྲིད་འཛིན་ཨོ་བ་མ་དང་མཇལ་འཕྲད་ཞུ་མཁན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ལྔ་པོ་དེ་རྣམས་ནི། ཀོ་ལམ་བི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ཨེམ་དོ་རི་ནེ་ཐེན་དང་རྒྱ་ནག་གི་གཞོན་ནུའི་རིག་གཞུང་སྐོར་ལ་མཁས་པ་ཀྲ་ཅིའན་དབྱིང་ ཡེལ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་རྒྱ་ནག་གི་ཁྲིམས་ལུགས་ལྟེ་གནས་ཁང་གསར་འཛུགས་གནང་མཁན་པོལ་ག་ལྦིཛ་ རྒྱ་ནག་ནང་བསྐྱེད་པའི་རྩོམ་པ་པོ་སྦེ་ཏི་བའོ་ལོདྲ་དང༌། ༡༩༨༠ནས་བཟུང་ཨ་རིའི་ནང་གནས་སྡོད་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ལི་ཤའ་རོང་བཅས་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎