ཨ་རིའི་སྲིད་འཛིན་ནས་ངལ་རྩོལ་དུས་ཆེན་ཐོག་གསུང་བཤད།

ཨ་རིའི་སྲིད་འཛིན་གྱིས་ཨ་རིའི་ནང་ངལ་རྩོལ་དུས་ཆེན་ཉིན་མོ་དང་སྟབས་སྟུན་ནས་ཨ་རའི་ནུབ་དབུས་མངའ་སྡེ་ལྦི་སི་ཀོན་སིན་དུ་ཕེབས་འདུག

2010.09.06

༄༅༎ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་ཡིས་དེ་རིང་ཨ་རིའི་ནང་ངལ་རྩོལ་དུས་ཆེན་ཉིན་མོ་དང་སྟབས་སྟུན་ནས་ཨ་རའི་ནུབ་དབུས་མངའ་སྡེ་ལྦི་སི་ཀོན་སིན་དུ་ཕེབས་ཏེ་ ཁུལ་དེའི་ནང་ཚོགས་རྒྱུའི་བཟོ་ཚོགས་ཀྱི་འདུ་འཛོམས་ཤིག་གི་ཐོག་ཨ་རིའི་དཔལ་འབྱོར་གནས་སྟངས་དང་ ལས་ཤོར་མི་སྣའི་སྐོར་ལ་གསུང་བཤད་གནང་རྒྱུ་ཡིན་པ་དང་ ཉིན་ཤས་གོང་ཨརིའི་ནང་ལས་ཤོར་མི་སྣའི་གྲངས་འབོར་སྙན་ཐོ་ཞིག་ཕྱིར་བཏོན་བྱས་པའི་ནང་ ད་ལོ་ཕྱི་ཟླ་བརྒྱད་པའི་ནང་ཨ་རིའི་ནང་ལས་ཤོར་མི་སྣའི་གྲངས་འབོར་རྒྱ་ཆ་དགུ་དང་གྲངས་ཆུང་དྲུག་ཟིན་ཡོད་པ་དང།  ད་རེས་ཨ་རའི་སྲིད་འཛིན་གྱིས་ངལ་རྩོལ་དུས་ཆེན་ཉིན་གསུང་བཤད་གནང་བའི་སྐབས་གནད་དོན་དེའི་སྐོར་ལ་གསལ་བཤད་གནང་རྒྱུ་ཡིན་པ་རེད།

ཨ་རིའི་སྲིད་འཛིན་མཆོག་ནས་གཟའ་འཁོར་སྔོན་མའི་གཟའ་སྤེན་པའི་ཉིན་གསུང་བཤད་ཅིག་གནང་བའི་སྐབས་ ཨ་རིའི་ནང་མ་རྐང་ཁྲོམ་ར་བརྟན་པོ་ཞིག་དགོས་ཀྱི་ཡོད་པ་མ་ཟད། དཔལ་འབྱོར་གནས་བབས་འབྲིང་བའི་ཁྱིམ་ཚང་མང་དུ་གཏོང་ཐབས་བྱ་རྒྱུ་དེ་ནི་ཁོང་གི་གལ་ཆེའི་ལས་འགན་ཞིག་ཡིན་པ་དང་ དེར་བརྟེན་ཁོང་གིས་ཉིན་བསྟུད་རམ་ཕྱག་ལས་གནང་ཏེ་ ཨ་རིའི་མི་མང་དང་མི་རབས་རྗེས་མ་ཚོའི་ཨ་རིའི་རྨི་ལམ་སྒྲུབ་ཐབས་གནང་རྒྱུ་ཡིན་ལུགས་བདུན་རེའི་རླུང་འཕྲིན་བརྒྱུད་ནས་གསུང་བཤད་གནང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎