ཨ་རི་དང་རྒྱ་ནག་གི་སྲིད་འཛིན་གཉིས་མཇལ་འཛོམས།
2015.09.25
༄༅༎ ཨ་མི་རི་ཀའི་སྲིད་འཛིན་ཨོ་བ་མས་ཝ་ཤིན་ཊོན་དུ་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་བིང་ལ། ཁྱེད་བདེ་མོ་ཟེར་སྣེ་ལེན་བྱས་པ་དང་སྦྲགས་རྒྱལ་དོན་འཚམས་འདྲི་དེ་འགོ་བཙུགས་ཡོད་པའི་གནས་ཚུལ་སྤེལ་བཞག
ཞི་ཅིན་བིང་གི་ཨ་རིའི་རྒྱལ་དོན་འཚམས་འདྲི་ཐེངས་དང་པོ་དེར་ཨོ་བ་མ་དང་ཞི་ཅིན་བིང་གཉིས་ཀས་ནུབ་ཕྱོགས་ལུགས་ཀྱི་གོས་གྱོན་ཀྱང་Tieསྐེ་དཀྲི་མ་རྒྱབ་པར་ཕྱི་ལོག་གི་West Wing དང་Pennsylvania གཞུང་ལམ་བཅད་ནས་Blair House ཞེས་པའི་ཁང་ཆེན་དུ་གོམ་པ་སྤོས་ནས་ཕེབས་ཡོད་པ་དང་། རེས་གཟའ་ཕུར་བུའི་དགོང་དྲོར་ཨོ་བ་མ་སྐུ་སྒེར་གྱིས་དངོས་གཞི་མ་ཡིན་པའི་གསོལ་སྟོན་ཞིག་ཀྱང་བཤམ་ཡོད་ལུགས་རྒྱལ་ཁབ་བདེ་འཇགས་ཀྱི་ལས་བྱེད་མཐོ་གྲས་ཤིག་གིས་གསུང་བཞག
ཨ་རའི་རྒྱལ་སྲུང་ཆེད་ལས་པས་གསུང་ཡས་ལ། ཨ་ རི་དང་རྒྱ་ནག་གི་འགོ་ཁྲིད་གཉིས་པོས་བདེ་འཇགས་ཀྱི་གནད་དོན་སྐོར་ལ་བཀའ་མོལ་ གནང་བའི་རིང་ཨོ་བ་མས་ངེས་པར་དུ་བློ་རྩ་བརྟན་པོའི་ལངས་ཕྱོགས་འཛིན་དགོས་ཀྱི་ རེད་ཅེས་གསུང་ ཡོད་པ་དང་དེའི་སྔོན་ཙམ་དུ་གྲོས་ཚོགས་ཀྱི་དབུ་ཁྲིད་ནས་ཕོ་བྲང་དཀར་པོས་ཨ་ མིརི་ཀའི་དམག་གི་གྲུ་གཟིངས་དང་དམག་འཐབ་གནམ་གྲུ་བཅས་ཉེ་བའི་ཆར་རྒྱ་ནག་གི་ གསར་བཟོ་བྱས་པའི་རྩོད་གཞི་ཅན་གྱི་གླིང་ཕྲན་དེའི་ཉེ་འགྲམ་མེ་ལེ་༡༢ནང་ཁུལ་དུ་ འགྲོ་རུ་མ་བཅུག་པ་དེར་སྐྱོན་བརྗོད་གནང་ཡོད་པ་རེད།
དེ་རིང་ཕྱི་ཟླ་དགུ་པའི་ཚེས་༢༥རེས་གཟའ་པ་སངས་ཉིན་ཞི་ཅིན་བིང་ཕོ་བྲང་དཀར་པོའི་ནང་འཚམས་འདྲི་བྱེད་རྒྱུ་དང་ཨ་རིའི་སྲིད་འཛིན་ཨོ་བ་མ་ལྷན་དུ་ཆེས་མཐོའི་གྲོས་མོལ་བྱ་རྒྱུ་རེད། སྔོན་འཆར་བྱས་ན་ད་རེས་ཀྱི་གྲོས་མོལ་གཙོ་བོ་དེ་རྒྱ་ནག་གིས་མུ་མཐུད་དེ་ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་གཞི་ཅན་གྱི་མངའ་ཁོངས་ནང་མི་བཟོས་གླིང་ཕྲན་བཟོས་པ་མ་ཟད། དམག་དོན་རྟེན་གཞི་བཟོ་མིན་སྐོར། དེ་ བཞིན་གཞི་རྒྱ་ཆེ་བའི་རྒྱ་ནག་གི་དྲ་རྒྱས་ཨ་རིའི་དྲ་རྒྱའི་མ་ལག་ནང་གནོད་འཚེ་ གཏོང་བ་སོགས་ཀྱི་གནད་དོན་སྐོར་ལ་གྲོས་མོལ་བྱ་རྒྱུ་ཡིན་ལུགས་སོགས་ཀྱི་གནས་ ཚུལ་སྤེལ་བཞག།
གསར་འགོད་པ་ཚེ་བརྟན་རྡོ་རྗེ།