ཨ་རིའི་སྲིད་འཛིན་ནས་འབར་མའི་གཞུང་ལ་གནོན་ཤུགས།

ཨ་མི་རི་ཀའི་སྲིད་འཛིན་ནས་འབར་མའི་དྲག་པོའི་གཞུང་ལ་ལྕམ་སུའུ་ཆི་མྱུར་དུ་གློད་བཀྲོལ་གཏོང་དགོས་ཞེས་གནོན་ཤུགས་སྤྲད་གནང་ཡོད་པ་རེད།

2009.05.27

༄༅༎ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་མང་གཙོ་དོན་གཉེར་བ་ལྕམ་ཨོང་སན་སུའུ་ཆི་མཆོག་བཟང་བཙོན་ནམ་དོ་དམ་བཀག་ཉར་འོག་ནས་མྱུར་དུ་གློད་བཀྲོལ་གཏོང་དགོས་ཞེས་ཨ་མི་རི་ཀའི་གཞུང་ནས་འབར་མའི་དྲག་པོའི་གཞུང་ལ་གནོན་ཤུགས་སྤྲད་གནང་ཡོད་པ་རེད།

ལྕམ་ཨོང་སན་སུའུ་ཆི་ནི་ད་དུང་མུ་མཐུད་ཕྱི་ཕྱོགས་དང་འབྲེལ་བ་བྱེད་དུ་མི་འཇུག་པར་ཁེར་རྐྱང་གི་ཐོག་ནས་བཟང་བཙོན་འམ་དོ་དམ་བཙོན་འཇུག་འོག་གནས་མུས་ཡིན་པ་དེའི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འཐུས་མི་ཁག་ནས་འགན་འཁུར་ཆེ་བཞེས་ཀྱིས་འབར་མའི་དྲག་པོའི་གཞུང་གི་ཚབས་ཆེའི་བྱེད་སྟངས་དེའི་ཐད་དཔང་རྟགས་གནང་དགོས་ཀྱི་རེད་ཅེས་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་རྒྱལ་སྤྱིའི་ནང་འབོད་སྐུལ་གནང་ཡོད་པ་རེད། ཡང་སྲིད་འཛིན་ཨོ་སྦ་མ་མཆོག་གིས་འབར་མའི་དྲག་པོའི་གཞུང་གིས་མང་གཙོ་དོན་གཉེར་བ་ལྕམ་ཨོང་སན་སུའུ་ཆི་མཆོག་ལ་ཇི་ལྟར་དྲག་གནོན་བྱེད་མིན་ལ་མ་ལྟོས་པར་ལྕམ་ཨོང་སན་སུའུ་ཆི་ནས་ད་དུང་མུ་མཐུད་བློ་སྟོབས་ཆེན་པོས་འབར་མའི་ནང་མང་གཙོའི་ལས་དོན་གཉེར་བཞིན་པར་བསྔགས་བརྗོད་གནང་བ་དང་ཕྱོགས་མཚུངས་འབར་མའི་དྲག་པོའི་སྲིད་གཞུང་གིས་ལྕམ་ཨོང་སན་སུའུ་ཆི་དང་དེ་བཞིན་བཙོན་འཇུག་བྱེད་བཞིན་པའི་མང་གཙོའི་དོན་གཉེར་བ་རྣམས་མྱུར་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎