ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་ཞེ་ཅིན་ཕེན་ལ་སྐུལ་མ་གནང་།


2015.02.11
ཨ་མི་རི་ཀའི་སྲིད་འཛིན་བྷ་རཀ་ཨོ་བྷ་མ་མཆོག་དང་ཉི་ཧོང་གི་སྲིད་བློན་རྣམ་གཉིས། ༢༠༡༤།༤།༢༤ ཨ་མི་རི་ཀའི་སྲིད་འཛིན་བྷ་རཀ་ཨོ་བྷ་མ་མཆོག་དང་ཉི་ཧོང་གི་སྲིད་བློན་རྣམ་གཉིས། ༢༠༡༤།༤།༢༤
པར། AFP

གསང་བ་རྐུ་འཁྱེར་གཙོས་ཨ་རྒྱ་གཉིས་དབར་མ་མཐུན་པའི་གནད་དོན་ཁག་སེལ་ཐབས་སུ་རྒྱ་ནག་གཞུང་གིས་ལས་དོན་མྱུར་པོ་སྤེལ་དགོས།
དེ་ཡང་ཨ་མི་རི་ཀ་དང་རྒྱ་ནག་ཕྱོགས་གཉིས་ཀས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་འདི་ལོའི་ཕྱི་ཟླ་༩་པའི་ནང་ཨ་མི་རི་ཀར་འཚམས་གཟིགས་ལ་ཕེབས་རྒྱུའི་གྲ་སྒྲིག་གནང་བཞིན་པའི་སྐབས་འདིར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་ནས་དྲ་རྒྱ་བརྒྱུད་ནས་གསང་བ་རྐུ་འཁྱེར་གྱི་གནད་དོན་གཙོས་པའི་ཡུལ་གྲུ་གཉིས་དབར་མ་མཐུན་པའི་གནད་དོན་ཁག་སེལ་ཐབས་སུ་རྒྱ་ནག་གཞུང་གིས་ལས་དོན་མྱུར་པོ་སྤེལ་དགོས་སྐོར་ཞེ་ཅིན་ཕེན་ལ་སྐུལ་མ་གནང་འདུག
ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀས་དྲ་རྒྱ་བརྒྱུད་ནས་གསང་བ་རྐུ་ཁྱེར་བྱེད་ཀྱི་ཡོད་སྐོར་སྐྱོན་བརྗོད་བྱེད་རེས་བྱས་པའི་རྐྱེན་གྱིས་དངངས་འཚབ་ཁག་ཞི་ཐབས་བྱེད་བཞིན་པའི་སྐབས་འདིར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་ལ་ཁ་སང་ཞལ་པར་གནང་སྟེ། འདི་ལོ་ཁོང་ཨ་རིའི་ནང་གཟིགས་སྐོར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུའི་ངང་སྒུག་ཞུ་བཞིན་ཡོད་སྐོར་དང་། དྲ་རྒྱ་བརྒྱུད་ནས་གསང་བ་རྐུ་འཁྱེར་གྱི་གནད་དོན་གཙོས་པའི་ཡུལ་གྲུ་གཉིས་དབར་མ་མཐུན་པའི་གནད་དོན་ཁག་སེལ་ཐབས་སུ་རྒྱ་ནག་གཞུང་གིས་ལས་དོན་མྱུར་པོ་སྤེལ་དགོས་སྐོར་ཞེ་ཅིན་ཕེན་ལ་སྐུལ་མ་གནང་ལུགས་ཨ་རིའི་སྲིད་འཛིན་ལས་ཁུངས་ཕོ་བྲང་དཀར་པོས་བསྒྲགས་གཏམ་ཞིག་སྤེལ་འདུག རྒྱ་ནག་གཞུང་གིས་སེམས་འཚབ་བྱེད་ས་ཐེ་ཝན་དང་། བོད་ཀྱི་གནད་དོན་ལ་ཨ་རིའི་ངོས་ནས་དོ་སྣང་བྱེད་རྒྱུའི་རེ་བ་ཡོད་ལུགས་དང་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་བྱུས་བྱས་ཏེ་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་མི་འགྲོ་བའི་རེ་བ་བྱེད་ཀྱི་ཡོད་ལུགས་སྲིད་འཛིན་ཞི་ཅིན་ཕེན་གྱིས་གསུངས་པ་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་ལས་ཁང་གིས་ལུང་འདྲེན་བྱས་འདུག ཨ་མི་རི་ཀས་ཐེ་ཝན་ལ་གོ་མཚོན་ལག་ཆ་ཚོང་འབྲེལ་བྱས་པར་རྒྱ་ནག་ཁོང་ཁྲོ་ལངས་ཡོད་པ་དང་། འདི་ཟླའི་ཚེས་༥་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་ལ་ཚོགས་པའི་ཨ་རིའི་རྒྱལ་ཡོངས་གསོལ་སྟོན་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཆིབས་བསྒྱུར་བསྐྱངས་གནང་མཛད་སྐབས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་ནས་ཕྱག་གཉིས་ཐལ་མོ་སྦྱར་ནས་གུས་བརྩི་ཆེན་པོ་ཞུས་པ་མ་ཟད། ༧མགོན་པོ་གང་ཉིད་ཀྱི་མཛད་འཕྲིན་ཁག་ལ་ཆེ་བསྟོད་ཆེན་པོ་ཞུས་པར་རྒྱ་ནག་གིས་སྐྱོན་བརྗོད་ཀྱང་ཞུས་ཡོད་པ་རེད།

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎