ཧུའུ་ཇིན་ཏའོས་ཨ་རིའི་སྲིད་འཛིན་གསར་པར་ཞལ་དཔར་ཕུལ་བ།

རྒྱ་ནག་གི་སྲིད་འཛིན་གྱིས་ཨ་རིའི་སྲིད་འཛིན་གསར་པ་སྐུ་ཞབས་ཨོ་སྦ་མ་ལ་ཞལ་དཔར་གནང་སྟེ་ཐའེ་ལྦན་གྱི་གནད་དོན་ཐད་བཀའ་མོལ་གནང་བ།

2008.11.09

༄༅༎རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཏའོས་ཨ་མི་རི་ཀའི་སྲིད་འཛིན་གསར་པ་སྐུ་ཞབས་སྦ་རཀ་ཨོ་སྦ་མ་མཆོག་ལ་ཞལ་དཔར་གནང་སྟེ་ཁོང་རྣམ་གཉིས་དབར་བཀའ་མོལ་གནང་སྐབས་ཐའེ་ལྦན་གྱི་གནད་དོན་ཐད་ལ་ཨ་མི་རི་ཀའི་སྲིད་འཛིན་མཆོག་གིས་འོས་མཚམ་ལྡན་པའི་ཐོག་ནས་འབྲེལ་བ་གནང་བ་ཡིན་ན་དེ་ཡིས་རྒྱ་ནག་དང་ཨ་མི་རི་ཀའི་དབར་གྱི་འབྲེལ་བ་བཟང་དུ་འགྲོ་རྒྱུར་ཕན་རླབས་བྱེད་ཀྱི་རེད་ཅེས་ཧུའུ་ཇིན་ཏའོ་ཡིས་བརྗོད་ཡོད་པ་རེད། ཐའེ་ལྦན་གྱི་སྲུང་སྐྱོབ་དགོས་མཁོ་དང་བསྟུན་ཏེ་ཨ་མི་རི་ཀས་ཐའེ་ལྦན་ལ་གོ་ལག་མཚོན་ཆ་འཚོང་འགྲེམས་བྱ་རྒྱུའི་སྲིད་བྱུས་དེ་ཡང་མཚམས་འཇོག་གནང་ཐབས་སྐོར་ཧུའུ་ཇིན་ཏའོ་ཡིས་རེ་འདུན་བཏོན་ཡོད་པ་རེད། སྐུ་ཞབས་སྦ་རཀ་ཨོ་སྦ་མ་མཆོག་གིས་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་གནང་སྐབས་ཐའེ་ལྦན་ལ་མཚོན་ཆ་འཚོང་འགྲེམས་གནང་རྒྱུ་སྲིད་བྱུས་ཐོག་ལ་རྒྱབ་སྐྱོར་ཡོད་ཚུལ་གསུངས་ཡོད་པ་རེད། སྐུ་ཞབས་སྦ་རག་ཨོ་སྦ་མ་མཆོག་གི་ངོས་ནས་དེང་སྐབས་ཀྱི་འཛམ་གླིང་གི་ཆབ་སྲིད་གླེང་བསྟེགས་ནང་ཨ་མི་རི་ཀ་དང་རྒྱ་ནག་དབར་གྱི་འབྲེལ་བ་དེ་ནི་གལ་འགངས་ཆེ་ཤོས་གྲས་ཤིག་རེད་ཅེས་རྒྱ་ནག་གི་སྲིད་འཛིན་མཆོག་ལ་བཀའ་ལན་གནང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎