ཁཱ་ཎ་ཊའི་ནང་སྨན་ཞབས་ཀྱི་ལས་གཞི་གསར་བ་བསྒྲགས་འདུག


2015.01.06
ཁཱ་ན་ཊའི་གྲོང་ཁྱེར་ཊོ་རིན་ཊོ། ཁཱ་ན་ཊའི་གྲོང་ཁྱེར་ཊོ་རིན་ཊོ།
Citizenship and Immigration Canada

བོད་རིགས་གཞོན་སྐྱེས་ཁཱ་ཎ་ཊའི་ནང་ལས་ཀ་བྱ་འདོད་ཡོད་རིགས་ཚོར་ལས་ཀའི་གོ་སྐབས་ཡོད་པ་དང་སྨན་ཞབས་༢༠༠༠ལྷག་དགོས་ཀྱི་ཡོད་འདུག
དེ་ཡང་ཁཱ་ཎ་ཊའི་གཞུང་གིས་ལས་གཞི་གསར་པ་ཞིག་གསལ་བསྒྲགས་གནང་བའི་ནང་། ཁཱ་ཎ་ཊའི་ནང་གཞིས་སྤོས་བྱས་ནས་སྨན་ཞབས་བྱ་འདོད་ཡོད་མཁན་ཚོས་དྲ་རྒྱ་བརྒྱུད་སློབ་སྟོན་ཞུ་གླ་དང་། ཡིག་ཆ་བཟོ་ཆེད་ཁྲིམས་རྩོད་པ་ལ་དངུལ་སོགས་གང་ཡང་སྤྲོད་མི་དགོས་པའི་ཐོག་ནས་ཐད་ཀར་སྙན་ཞུ་ཕུལ་ཐུབ་པའི་ཆ་རྐྱེན་བསྐྲུན་ཡོད་པ་དང་། ཁཱ་ཎ་ཊའི་ནང་ལས་ཀ་དང་འབྲེལ་བའི་དྲ་རྒྱ་དེ་གཞིར་བཟུང་བྱས་ན། ད་ལྟའི་ཆར་ཁཱ་ཎ་ཊའི་ནང་སྨན་ཞབས་༢༠༠༠ལྷག་དགོས་ཀྱི་ཡོད་པ་དང་། དེ་བཞིན་ཕྱི་བཅོས་གསོ་ཐབས་མཁས་པའི་སྨན་པ་དང་། སྤྱིར་བཏང་སྨན་པ། སོའི་སྨན་པ་སོགས་འཕྲོད་བསྟེན་དང་འབྲེལ་བའི་ལས་ཀའི་གོ་སྐབས་མང་པོ་ཞིག་ཡོད་འདུག སྨན་ཞབས་འདེམ་སྒྲུག་ནི་སྙན་ཞུ་འབྱོར་སྔ་རྗེས་ཐོག་ནས་འདེམ་སྒྲུག་གནང་རྒྱུར་སོང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བའི་ནང་། བོད་རིགས་གཞོན་སྐྱེས་ཁཱ་ཎ་ཊའི་ནང་ལས་ཀ་བྱ་འདོད་ཡོད་རིགས་ཚོར་ལས་ཀའི་གོ་སྐབས་ཡོད་པ་དང་། སྙན་ཞུ་འབུལ་མཁན་ཚོར་འདོད་པ་ཡོད་ཚེ་སྙན་ཞུའི་ངོ་བཤུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལྷན་ཁང་ལ་ཡང་ཤེས་རྟོགས་ཆེད་ཕུལ་ན་འགྲིག་ཀྱི་ཡོད་འདུག   
ཁཱ་ཎ་ཊའི་གཞུང་གིས་མི་འགྲོ་འདེམ་སྒྲུག་ནི་འོས་མི་སོ་སོའི་ཤེས་ཡོན་ཀྱི་གནས་ཚད་དང་། ལས་ཀའི་ཉམས་མྱོང་ལ་གཞིགས་ནས་བདམས་སྒྲུག་གནང་རྒྱུ་ཡིན་པ་དང་། འོས་ཆོས་ཚང་བའི་མི་འགྲོ་རྣམས་ཀྱི་ཡིག་ཆ་དུས་ཡུན་ཟླ་བ་དྲུག་གི་ནང་ཚུད་ཐག་ཆོད་གནང་ཐུབ་པ་གནང་རྒྱུ་ཡིན་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎