བོད་ཀྱི་བླ་མཚོ་ཁའི་བུ་མོ་དམར་ཧྲེང་མར་སྐྱོན་བརྗོད་ཕོག་པ།


2016.04.13
རྒྱ་ནག་གི་བུད་མེད་གཅིག་གིས་བོད་ཀྱི་བླ་མཚོ་ཡར་འབྲོག་གཡུ་མཚོའི་ཁ་ནས་དམར་ཧྲེང་མར་པར་རྒྱབ་པ། ༢༠༡༦།༤།༡༡ རྒྱ་ནག་གི་བུད་མེད་གཅིག་གིས་བོད་ཀྱི་བླ་མཚོ་ཡར་འབྲོག་གཡུ་མཚོའི་ཁ་ནས་དམར་ཧྲེང་མར་པར་རྒྱབ་པ། ༢༠༡༦།༤།༡༡
weibo

རྒྱ་ནག་གི་བུད་མེད་གཅིག་གིས་བོད་ཀྱི་བླ་མཚོ་ཡར་འབྲོག་གཡུ་མཚོའི་ཁ་ནས་དམར་ཧྲེང་མར་པར་རྒྱབ་པར་བོད་མི་གཙོས་མང་པོས་སྐྱོན་བརྗོད་གནང་བ།
རྒྱ་ནག་གི་བེུད་ཅིག་གིས་བོད་ཀྱི་རྩ་ཆེའི་ཡར་འབྲོག་གཡུ་མཚོའི་འགྲམ་དུ་དམར་ཧྲེང་མར་པར་མང་པོ་རྒྱབ་ནས་སྤྱི་ཚོགས་དྲ་རྒྱའི་ནང་བཞག་པ་དེར་བོད་མི་གཙོས་མང་པོ་ཞིག་གིས་སྐྱོན་བརྗོད་བྱས་ཡོད་ལུགས་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་འདུག
དེ་ཡང་འདི་ཚེས་༡༡་རེས་གཟའ་ཟླ་བའི་ཉིན། འཕྲིན་ཕྲན་དང་ཝེ་པོ་སོགས་སྤྱི་ཚོགས་དྲ་ལམ་ལ་རྒྱ་མོ་ཞིག་གིས་རིང་ཚད་སྤྱི་ལེ་༧༢་ཙམ་ཡོད་པའི་ཡར་འབྲོག་གཡུ་མཚོའི་མཚོ་ནང་དང་། མཚོ་ཁར་ལུས་ལ་གོས་གཅིག་ཀྱང་མེད་པར་དམར་ཧྲེང་མར་པར་མང་པོ་རྒྱབ་ཡོད་པ་དང་།  དྲ་རྒྱ་བེད་སྤྱོད་བྱེད་མཁན་མང་པོ་ཞིག་གིས་དེ་ནི་བོད་ཀྱི་རིག་གཞུང་ལ་བརྩི་བཀུར་མ་བྱས་པ་དང་། ནང་ཆོས་དང་འགལ་བའི་བྱ་བ་ཡིན་ལུགས་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག
བེུད་དེས་པར་ཁ་ཤས་དམར་ཧྲེང་མ་དང་། ཁ་ཤས་གོས་དམར་པོ་ཞིག་གྱོན་ནས་མཚོ་ཁར་ལྡིང་བཞིན་པ་དང་། ཁ་ཤས་མཚོ་འགྲམ་དུ་བསྡད་པ་འམ་ཡར་ལངས་པ་དང་། ཁ་ཤས་མཚོ་ནང་ཉལ་བ་སོགས་བྱས་ནས་པར་རྒྱབ་ནས་སྤྱི་ཚོགས་དྲ་རྒྱའི་ནང་བཞག་ཐོག་པར་ཡག་པོ་རྒྱབ་མཁན་དང་གྱོན་ཆས་དྲིལ་བསྒྲགས་ཡག་པོ་བྱེད་མཁན་ཚོས་རིག་གཞུང་དང་མི་རིགས་ཀྱི་ས་མཚམས་མེད་པ་བཟོ་བཞིན་འདུག་ཅེས་མཆན་ཡང་བཀོད་ཡོད་འདུག
ཁོ་མོའི་པར་དེ་དག་ལ་བལྟ་མཁན་མང་ཐོག་ད་བར་སྐྱོན་བརྗོད་གཙོས་མཆན་འདྲ་མིན་འབྲི་མཁན་མི་གྲངས་༢༠༠ལྷག་བྱུང་ཡོད།
དེ་བཞིན་ཁག་ཅིག་གིས་པར་དེ་ཚོ་མཛེས་སྡུག་ལྡན་པ་ཞིག་ཡིན་པ་དང་། ཁོ་མོའི་ཐག་གཅོད་དེར་རྒྱབ་སྐྱོར་ཡོད་ལུགས་ཡང་བྲིས་ཡོད་འདུག
ཡར་འབྲོག་གཡུ་མཚོ་ནི། ད་ལྟའི་བོད་རང་སྐྱོང་ལྗོངས་ཞེས་བའི་ལྷོ་ཁུལ་སྣ་དཀར་རྩེ་རྫོང་གི་བྱང་རྒྱུད་དུ་གནས། ལྷ་ས་གྲོང་ཁྱེར་ནས་ལེ་དབར་སུམ་བརྒྱ་དང་བཞི་བཅུས་ཆོད་པའི་ཡར་འབྲོག་གཡུ་མཚོ་དེ་དང་། མ་ཕམ་གཡུ་མཚོ། བྱང་གནམ་མཚོ་བཅས་ནི་བོད་ཀྱི་བླ་མཚོ་གྲགས་ཅན་གསུམ་ཡིན། མཚོ་དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་དྲུག་བརྒྱ་བདུན་ཅུ་དོན་བརྒྱད་དང་། རྒྱ་མཚོའི་ངོས་ལས་རྨིད་བཞི་སྟོང་བཞི་བརྒྱ་བཞི་བཅུ་ཞེ་གཅིག་གིས་མཐོ་ཞིང་། མཚོ་གཏིང་རིང་སར་ཟབ་ཚད་རྨིད་ལྔ་བཅུ་ང་དགུ་ཡོད།

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎