༧གོང་ས་མཆོག་གིས་ལྗགས་རྩོམ་གནང་བའི་ཕྱག་དེབ་སྐོར།

༧གོང་ས་མཆོག་གིས་རྩོམ་བྲིས་གནང་བའི་ཕྱག་དེབ་ཅིག་ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ནས་བསྔགས་བརྗོད་ཞུས་ཡོད་འདུག

2011.12.15

༄༅༎༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྩོམ་བྲིས་གནང་བའི་ཕྱག་དེབ་ཅིག་ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ནས་བསྔགས་བརྗོད་ཞུས་ཡོད་འདུག
ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཨེན་པི་ཨར་(NPR)ཞེས་པས་གསར་དུ་ཐོན་པའི་དེབ་ཁག་ཅིག་བདུན་ཕྲག་རེའི་ནང་། བསྐྱར་ཞིབ་བྱེད་ཀྱི་ཡོད་པའི་ཁོངས་སུ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་གནང་བའི་ཕྱག་དེབ་རང་གི་བརྒྱུད་ལ་བྱམས་བརྩེ་བློ་སྐྱེས་སྟངས་ཞེས་པ་དེ་གཙུག་ཕུད་གྲས་ཡིན་པའི་བསྔགས་བརྗོད་ཞུས་འདུག ཕྱག་དེབ་དེའི་ནང་དོན་ནི། ༧གོང་ས་མཆོག་སྐུ་ཉིད་ཀྱི་ཆོས་ཕྱོགས་ཀྱི་དབུ་འཁྲིད་གནང་བའི་མཛད་རྣམ་དང་། དེ་བཞིན་ནང་ཆོས་ཀྱི་ལྟ་གྲུབ་ཐོག་ནས་མ་ཡིན་པར་སྤྱི་ཡོངས་ནས་མི་ཚང་མར་བདེ་བ་འདོད་པ་གཅིག་མཚུངས་ཡིན་པའི་སྐོར་ནན་བརྗོད་གནང་ཡོད་པ་རེད། དཔེར་ན། རྒྱུན་གཏན་ནས་སོ་སོའི་ཉིན་རེའི་བྱ་གཞག་ནང་། ཁོང་ཁྲོ་ལངས་པ་ཡིན་ན་དེས་རང་གཞན་གཉིས་ཀ་མ་སྐྱིད་པ་བཟོ་གི་ཡོད་པ་དང་། དེ་ལས་ལྡོག་ཏེ་གལ་སྲིད་མི་གཞན་ལ་ཕན་པའི་ལས་ཀ་བྱས་པ་ཡིན་ན་དེས་རང་ལ་འདོད་པ་འཚིམ་པ་ཞིག་དང་བདེ་སྐྱིད་ཀྱི་ཚོར་སྣང་ཞིག་ཤར་གྱི་ཡོད་པ་བཅས་ལུང་འདྲེན་པ་གནང་ནས་གང་ལྟར་བྱམས་བརྩེ་དང་ལྡན་པའི་བསམ་བློའི་འཁྱེར་བཟོའི་ཐོག་ནས་རང་དང་ནང་མི། དེ་བཞིན་ཁྱིམ་མཚེས། མཐའ་ན་སོ་སོའི་དགྲ་བོ་ཡིན་ནའང་ཉེ་འཁོར་ཚང་མར་སྐྱིད་པ་ཡོང་གི་རེད་ལ་རང་བཞིན་གྱི་ང་རྒྱལ་དང་། ཞེ་སྡང༌། དངངས་སྐྲག་སོགས་ཆུང་དུ་འགྲོ་རྒྱུའི་རེ་བ་ཆེ་བ་ཡོད་པ་སོགས་གསུངས་ཡོད་པ་བཅས་གང་ལྟར་ཕྱག་དེབ་དེའི་ནང་། འཛམ་གླིང་ནང་ཞི་བདེ་དང་། བདེ་སྐྱིད་ལྡན་པའི་ཁོར་ཡུག་སྐྲུན་ཐབས་སུ་གཙོ་བོ་རང་གི་རྒྱུད་ལ་བྱམས་དང་སྙིང་རྗེའི་བསམ་བློ་ཡོད་པ་ཞིག་ངེས་པར་དུ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་ངོ་སྤྲོད་གནང་ཡོད་པ་རེད།
གོང་ཞུས་ཨེན་པི་ཨར་ཞེས་པའི་ཨ་རིའི་རླུང་འཕྲིན་དེ་བཞིན་ཨ་རིའི་རྒྱལ་ཡོངས་ནང་གཞི་རྒྱ་ཆེན་པོའི་ཐོག་ནས་ཉན་མཁན་ཡོད་པའི་རླུང་འཕྲིན་ཚད་ལྡན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎