དངོས་བྱུང་གློག་བརྙན་འདི་ངའི་ཁྱིམ་འདི་ཡིན་ཟེར་ས་མི་འདུག


2014.04.17
དངོས་བྱུང་གློག་བརྙན་ནང་གི་མི་སྣ་གཙོ་བོ་བོད་རིགས་བུད་མེད་བཙན་བཀྲ་ལགས། དངོས་བྱུང་གློག་བརྙན་ནང་གི་མི་སྣ་གཙོ་བོ་བོད་རིགས་བུད་མེད་བཙན་བཀྲ་ལགས།
པར། དྲ་བཤུས།

ཨ་རིའི་གསར་འགོད་པས་བོད་དང་གྲངས་ཉུང་མི་རིགས་ལ་འཕྲད་བཞིན་པའི་མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ་གནས་སྟངས་གསལ་བཏོན་གནང་འདུག
དེ་ཡང་ཨ་མི་རི་ཀའི་གསར་འགོད་པ་ཞིག་གིས་རྒྱ་ནག་པེ་ཅིན་ལ་ཡོད་པའི་བོད་རིགས་བུད་མེད་ཞིག་གི་འཚོ་བ་དངོས་དང་འབྲེལ་ནས་དངོས་བྱུང་གློག་བརྙན་ངའི་ཁྱིམ་འདི་ཡིན་ཟེར་ས་མི་འདུག་ཞེས་བ་བཟོ་བསྐྲུན་གྱིས་རྒྱ་ནག་ནང་བོད་མི་གཙོ་བའི་གྲངས་ཉུང་མི་རིགས་ལ་འཕྲད་བཞིན་པའི་མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ་ཁག་གཅིག་གསལ་བཏོན་གནང་ཡོད་པ་རེད། ངའི་ཁྱིམ་འདི་ཡིན་ཟེར་ས་མི་འདུག་ཅེས་བའི་དངོས་བྱུང་གློག་བརྙན་དེའི་ངོ་སྤྲོད་ཚན་པ་ཞིག་ཕྱི་ལ་སྤེལ་པའི་ནང་། ནང་དགུང་གྲངས་༢༨་ལ་སླེབས་པའི་བོད་རིགས་བུད་མེད་Zantaཞེས་བའི་བཟའ་ཟླ་འདས་གྲོངས་སུ་སོང་རྗེས། ལོ་ན་བདུན་ཙམ་ཡིན་པའི་ཁོང་གི་བུ་ཕྲུག་གི་མདུན་ལམ་ཆེད་རྒྱ་ནག་པེ་ཅིན་ལ་སོང་ནས་འཚོ་བ་སྐྱེལ་ཐབས་བྱེད་བཞིན་པའི་འཚོ་བ་དངོས་དང་འབྲེལ་ཡོད་པ་དང་། རྒྱ་ཧན་མི་རིགས་ཕོན་ཆེ་འདུས་པའི་གྲོང་ཁྱེར་པེ་ཅིན་དུ་རྒྱ་བོད་གཉིས་ཀྱི་ཆབ་སྲིད་ཀྱི་རྙོག་དྲའི་འོག་མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ་ཤུགས་ཆེན་ཡོད་པ་དང་། བོད་མི་ལ་མཐོང་ཆུང་བརྙས་བཅོས་བྱེད་པ་མ་ཟད། ཐ་ན་བོད་མི་ཡིན་ན་སྡོད་སའི་ཁང་བ་མི་གཡར་བ་སོགས་ཀྱི་དཀའ་ངལ་བོ་གསལ་སྟོན་བྱས་ཡོད་པ་རེད། འོན་ཀྱང་ཁོ་མོས་བུ་ཕྲུག་གི་མདུན་ལམ་ཆེད་པེ་ཅིན་ཁྲོམ་ལམ་དུ་མུ་མཐུད་དཀའ་ངལ་ལ་མ་འཛེམ་པར་བོད་དང་འབྲེལ་བའི་ཅ་དངོས་ཙག་ཙིག་གི་ཐང་ཁྲོམ་བསྟན་ནས་བསྡད་ཡོད་པ་རེད།
གློག་བརྙན་དེས་བོད་མི་ཚོ་རྒྱ་ནག་གི་གྲོང་ཁྱེར་ཁག་གི་ནང་ལས་དོན་འདྲ་མིན་ཆེད་བསྐྱོད་སྐབས་མཐོང་ཆུང་བརྙས་དཀའ་ཡོང་བཞིན་པ་འཚོ་བ་དངོས་དང་སྦྱར་ཡོད་པ་དང་། དེའི་ཐད་ཀྱི་དངོས་ཡོད་གནས་སྟངས་ཕྱིར་བསྒྲགས་གནང་བའི་གློག་བརྙན་ཐོག་མའི་གྲས་ཡིན་པར། དེ་ནི་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྟེན་གཞི་བྱེད་པའི་ཨ་མི་རི་ཀའི་གློག་བརྙན་བཟོ་བསྐྲུན་པ་དང་། གསར་འགོད་པ་Jocelyn Fordལགས་པེ་ཅིན་ཁྲོམ་གཞུང་ནས་གོང་གི་བོད་པའི་བུད་མེད་དེའི་ཐང་ཁྲོམ་སྟོན་བཞིན་པའི་སྐབས་དངོས་སུ་ཐུག་འཕྲད་བྱུང་རྗེས་འཚོ་དངོས་དང་སྦྱར་ནས་བཟོ་བསྐྲུན་གནང་བའི་གློག་བརྙན་ཞིག་ཡིན་པ་རེད།
གློག་བརྙན་གྱི་མཚམས་སྦྱོར་ཚན་པ་གཤམ་གྱི་དྲ་ཐག་ནས་གཟིགས་ཐུབ།

གསར་འགོད་པ་དབྱངས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎