བྱང་ཀོ་རི་ཡའི་ཐོག་གི་ཉེས་ཆད་མེད་པ་བཟོ་རྒྱུའི་དགོས་འདུན།
2010.01.18
༄༅༎བྱང་ཀོ་རི་ཡས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱང་ཀོ་རི་ཡའི་ཐོག་འཛིན་བཞིན་པའི་ཉེས་ཆད་མེད་པ་བཟོ་རྒྱུའི་དགོས་འདུན་བཏོན་ཡོད་པ་རེད་
བྱང་ཀོ་རི་ཡས་ཡུལ་དེར་འཛིན་བཞིན་པའི་ཉེས་ཆད་རྣམས་མེད་པ་མ་བཟོས་བར་ཡུལ་དེའི་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་ལས་འཆར་སྐོར་གྱི་ཡུལ་གྲུ་དྲུག་གི་ལྷན་ཚོགས་བསྐྱར་གསོ་བྱ་རྒྱུ་མིན་ལུགས་བསྐྱར་བཟློས་བྱས་ཡོད་ཅིང་གཟའ་ཟླ་བའི་ཉིན་བྱང་ཀོ་རི་ཡའི་ཕྱི་སྲིད་ལས་ཁང་གི་གསལ་བསྒྲགས་སྤེལ་ནས་ཨ་རི་དང་མཉམ་དུ་ཞི་བའི་གྲོས་མོལ་བྱས་ནས་གྲོས་མཐུན་འཇོག་ཐབས་ཀྱི་འབོད་སྐུལ་ཞུས་ནས་ཕྱི་ལོ་༡༩༥༠ནས་༡༩༥༣ལོའི་བར་བྱུང་བའི་ཀུ་རི་ཡའི་ཕྱེད་གླིང་གི་དམག་འཁྲུག་སྐབས་ཀྱི་གནས་སྟངས་དངོས་སུ་མཇུག་སྒྲིལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ལུགས་བཤད་ཡོད་པ་རེད་
གཟའ་འཁོར་སྔོན་མ་བྱང་ཀོ་རི་ཡ་ཕྱོགས་ནས་གོང་དང་འདྲ་མཚུངས་ཀྱི་དགོས་འདུན་ལ་ལྷོ་ཀུ་རི་ཡ་ཕྱོགས་ནས་ཁས་ལེན་གནང་མེད་པ་དང་ ལྷོ་ཀོ་རི་ཡས་ཕྱོགས་གཉིས་དབར་ཡུལ་གྲུ་དྲུག་གི་ལྷན་ཚོགས་བསྐྱར་དུ་མ་ཚུགས་བར་བྱང་ཀོ་རི་ཡའི་དགོས་འདུན་ལ་ཁས་ལེན་བྱེད་ཐབས་མེད་པ་གསུང་ཡོད་ཅིང་ལྷོ་ཀོ་རི་ཡའི་དཔོན་རིགས་ནས་བྱང་ཀོ་རི་ཡས་ཡུལ་དེ་བཞིན་རྡུལ་ཕྲན་གོ་མཚོན་མེད་པའི་ཡུལ་གྲུ་ཞིག་ཏུ་འགྱུར་ཐབས་ཀྱི་གནད་དོན་ཐག་གཅོད་བྱུང་བའི་རྗེས་གཞི་ནས་ཀོ་རི་ཡ་ཕྱེད་གླིང་དེ་བཞིན་དམག་འཁྲུག་སྐབས་ཀྱི་གནས་སྟངས་མཇུག་སྒྲིལ་གྱིས་ཞི་བའི་གྲོས་མཐུན་འཇོག་ཐབས་ཐོག་ཕྱོགས་གཉིས་དབར་གྲོས་མོལ་བྱ་རྒྱུ་ཡིན་པའི་སྐོར་གསལ་སྟོན་གནང་ཡོད་པ་དང་ཨ་རི་གཞུང་གིས་ཀྱང་བྱང་ཀུ་རི་ཡའི་གོང་ཞུས་བསམ་འཆར་ལ་ཁས་ལེན་མ་གནང་བར་བྱང་ཀོ་རི་ཡ་ཕྱོགས་ནས་ཡུལ་དེའི་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་ལས་འཆར་འཚམས་འཇོག་གི་ཡུལ་གྲུ་དྲུག་གི་ལྷན་ཚོགས་ཐོག་མགྱོགས་མྱུར་ཕྱིར་ལོག་དགོས་པའི་སྐུལ་མ་གནང་ཡོད་པ་རེད་།